འཛུགས་སྐྲུན་དང་འཆར་འགོད་སྐོར་གྱི་འོས་སྦྱོང༌།
འོས་སྦྱོང་དེ་ཉིད་བོད་རང་གི་སྤྱི་ཚོགས་ནང་དུ་འཛུགས་སྐྲུན་འཆར་འགོད་ཀྱི་ལས་གཞིའི་ཐོག་ལས་ཀ་བྱེད་ཐུབ་མཁན་གྱི་ཆེད་ལས་སློབ་སྦྱོང་བྱེད་མཁན་རྣམས་ལ་དམིགས་པ་ཞིག་དང༌། ད་ལྟའི་ཆར་བོད་ནང་དུ་ཕྱི་རྒྱལ་ཁག་ནས་འཛུགས་སྐྲུན་འཆར་འགོད་ཀྱི་ལས་གཞི་ཐད་ལ་རོགས་སྐྱོར་བྱེད་མཁན་རྣམས་ཀྱིས། བོད་ནང་དུ་སྤྱིར་ངལ་རྩོལ་གྱི་ཆ་ནས་ཧུར་ཐག་ལྟ་བུ་ཡིན་ཡང༌། འཆར་འགོད་ཀྱི་ལས་གཞི་ལག་བསྟར་བྱེད་ཐུབ་མཁན་མེད་སྐོར་བརྗོད་ཀྱི་ཡོད་པ་དང༌། དངོས་ཡོད་དེ་ལྟར་ཡོང་གི་ཡོད་པའི་རྐྱེན་གྱིས་མ་འོངས་པར་དེ་འདྲའི་ཐོག་ཕན་ཐོགས་ཡོང་རེའི་ཆེད་དུ་ཡིན་སྐོར་འཆར་འགོད་འགན་འཛིན་ལགས་ཀྱིས་གསུངས་སོང༌། དཔལ་འབྱོར་བཀའ་བློན་མཆོག་གིས་ཀྱང་ལས་གཞི་དེ་འདྲ་གོ་སྒྲིག་གནང་བར་བསྔགས་བརྗོད་དང༌། འོས་སྦྱོང་བ་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་ནས་མ་འོངས་པར་སྤྱི་ཚོགས་དང༌། ཐ་ན་རང་ཉིད་ཀྱི་ཁྱིམ་ཚང་ལ་ཕན་ཐོགས་ཡོང་བ་ཞིག་དགོས་པ་སོགས་ལམ་སྟོན་གསུང་བཤད་གནང་སོང༌། འོས་སྦྱོང་དེ་ཟླ་བ་གཅིག་དང་ཉིན་བཅུ་བདུན་རིང་ལ་འཚོག་འཆར་ཡོད་པ་རེད།།