ཕྱི་ཚེས་ཉེར་བཞི་ཉིན་གྱི་བོད་དོན་གླེང་བ།

བསྟན་འཛིན་བརྩོན་འགྲུས་ལགས་དང་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་རྣམ་གཉིས་ཀྱིས་ཁག་སོ་སོར་ས་ཡོམ་གྱི་བྱུང་རིམ་ངོ་སྤྲོད་དང་ས་ཡོམ་གྱི་གནོད་སྐྱོན་བྱུང་བའི་མི་མང་རྣམས་ཀྱི་ཆེད་ཞལ་འདེབས་བསྡུ་སློང་གི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། དེ་བཞིན་ས་ཡོམ་རྒྱབ་པའི་པར་རིས་འགྲེམས་སྟོན་ཞིག་བྱེད་འཆར་འདུག་ཀྱང་དེ་དགོང་མོ་གློག་མེད་པས་པར་རིས་འགྲེམས་སྟོན་དེ་ཚེས་ ༢༥ ཉིན་གྱི་དགོང་མོ་གནང་ཡོད་པ་རེད།