བསམ་འགྲུབ་རྒྱ་མཚོ་འཛིན་བཟུང།

པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་དགོས། ཡུལ་ཤུལ་དུ་ས་ཡོམ་བྱུང་སར་བོད་མི་གཞན་རྣམས་ཕྱིར་མི་སྐྲོད་པར་་རོགས་པ་བྱེད་དུ་འགྲོ་འཇུག་དགོས་ཞེས་པ་སོགས་ཀྱི་སྐད་འབོད་སྐར་མ་ལྔ་ཙམ་བྱས་རྗེས། རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་གིས་བཙན་འཁྲིད་བྱས་ཡོད་པ་ཙམ་ལས་གང་དུ་ཁྲིད་ཡོད་མེད་གནས་ཚུལ་ཤེས་རྟོགས་མེད་པ་རེད། སྤྱིར་བསམ་འགྲུབ་རྒྱ་མཚོ་ནི་ཕྱི་ལོ་༢༠༠༧ ལོར་རྒྱ་གར་དུ་ཡོང་ནས་གསོག་སྒར་སློབ་གྲྭར་ཞུགས་མྱོང་ཡོད་པ་ཞིག་ཡིན་འདུག །