རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་དུ་རླུང་འཚུབ་བརྒྱབ་ནས་མི་༢༣ ཤི་བ།

རགས་རྩིས་བྱས་པ་ལྟར་ན། ཏན་ཅང་རྫོང་དུ་མི་༡༧ ཤི་བ་དང་མི་༡༢༧ ལ་རྨས་སྐྱོན་ཕོག་ཡོད་ཅིང། ལིའང་ཕིན་རྫོང་དུ་མི་༦ ཤི་བ་དང་མི་༣༤ ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཁྲུང་ཆིན་གྲོང་ཁྱེར་གྱི་ལིའང་ཕིན་རྫོང་གི་གནོད་ཐེབས་ཚབས་ཆེན་ཡིན་པའི་ཧྭེ་ལུང་གྲོང་རྡལ་དུ། ཟླ5བའི་ཚེས་༥ ཉིན་གྱི་མཚན་ཆུ་ཚོད་༢ ཡས་མས་སུ་ཆར་རླུང་དྲག་པོ་འཚུབ་ནས་རླུང་གི་འཚུབ་ཚད་དུས་ཚོད་སྐར་ཆ་༡ རེར་སྨི་༣༠ ལ་བསླེབས་པ་དང་དེ་མིན་སེར་བ་བབས་པ། གྲོང་བརྡལ་དེའི་མི་སྣའི་ཤི་རྨས་གནས་ཚུལ་དང་རྒྱུ་ནོར་ལ་གྱོང་གུད་བཟོས་པའི་གནས་ཚུལ་ད་ལྟ་བསྡོམས་རྩིས་བྱེད་བཞིན་པའི་སྒང་རེད་ཅེས་གནས་ཚུལ་སྤེལ་འདུག །