ཟིན་བྲིས་སུ་གསར་དུ་ཞུགས་སྟངས་སོགས་ཟིན་བྲིས་སྐོར་གྱི་རྒྱུན་ཤེས་ལམ་སྟོན།

༣༽ རེའུ་མིག་དང་པོ་མིང་དང། རེའུ་མིག་གཉིས་པ་སྤྱོད་མཁན་གྱི་མིང་གཉིས་ཀ་བོད་ཡིག་གིས་འབྲི་ཆོག རྗེས་མ་བེད་སྤྱོད་བྱེད་པའི་སྐབས་སྤྱོད་མཁན་གྱི་མིང་ཞེས་པ་དེ་ཕྱི་ལོགས་སུ་ཤར་ཡོང་བ་དང། མིང་ཞེས་པ་དེ་དུས་རྒྱུན་ནང་འཛུལ་བྱེད་པའི་མིང་དེ་རེད། རེའུ་མིག་གསུམ་པ་གློག་འཕྲིན་ནམ། ཨིས་མེལ། ཁྱེད་ཀྱིས་རྒྱུན་སྤྱོད་ཨིས་མེལ་ཁ་བྱང་བེད་སྤྱོད་པ་ཡོད་པ་ཞིག་འབྲི་དགོས། རེའུ་མིག་གསུམ་པར་གསང་ཡིག་ཅེས་གསང་བའི་རྟགས་ཡི་གེའམ་ཨང་གྲངས་གང་རུང་འབྲི་དགོས་ལ། རེའུ་མིག་བཞི་པ་གསང་ཡིག་བསྐྱར་བཟློས་ཀྱང་གོང་དུ་བཀོད་པའི་གསང་ཡིག་དེ་མ་ནོར་བར་བསྐྱར་འགོད་བྱེད་དགོས།
༤༽ དེ་དག་གྲུབ་རྗེས་གཤམ་གྱི་དེབ་སྐྱེལ་བྱེད་ཡུལ་ཞེས་པ་དེར་གནོན་ཙམ་གནང་ན་ཁྱེད་ཀྱི་དེབ་འགོད་ཆ་ཚང་གྲུབ་པ་རེད།
༥༽ རྗེས་སུ་རང་ཉིད་ཀྱིས་བརྗོད་གཞི་གསར་པ་ཞིག་སྤེལ་བའམ། ཡང་ན་གཞན་གྱིས་སྤེལ་བའི་བརྗོད་གཞི་ལ་བགྲོ་གླེང་བྱེད་པ་གང་ཡིན་རུང་ནང་འཛུལ་བྱེད་དགོས། ནང་འཛུལ་བྱེད་པའི་སྐབས་གོང་དུ་ངོ་སྤྲོད་བྱས་པ་བཞིན་ནང་འཛུལ་དང་། དེབ་སྐྱེལ་བྱེད་ཡུལ་ཞེས་དྲ་རྒྱའི་གོང་དུ་ཡོད་པ་དེའི་ནང་ནས་ནང་འཛུལ་ཞེས་པ་དེར་གནོན་དགོས་ལ། ནང་འཛུལ་མནན་པའི་རྗེས་གཤམ་གྱི་དཔེ་རིས་དེ་ཤར་ཡོང་། དེའི་ནང་དུ་མིང་འབྲི་ས་དང་གསང་ཡིག་འབྲི་ས་སོ་སོར་སྔོན་མ་དེབ་འགོད་བྱེད་སྐབས་གང་བཀོད་པ་དེ་མ་ནོར་བར་བྲིས་ནས། དཔེ་རིས་ཀྱི་འགྲམ་དུ་ཡོད་པའི་ནང་འཛུལ་ཞེས་པ་དེར་ནོན་དང་ནང་འཛུལ་གྲུབ་པ་ཡིན།

༦༽ ནང་འཛུལ་བྱས་ནས་གལ་སྲིད་ཟིན་བྲིས་འབྲི་དགོས་ན། དང་པོ་ཟིན་བྲིས་ཞེས་པ་དེར་འགྲོ་དགོས་པ་དང། དེའི་རྗེས་སུ་རང་ཉིད་ཀྱི་ལག་གཡས་དང། དྲ་རྒྱའི་གཡོན་ཕྱོགས་སུ་ཡོད་པའི་ཟིན་བྲིས་སྤེལ་ཞེས་པ་དེར་གནོན་དགོས། དེ་མནན་ཟིན་པའི་རྗེས་སུ་གཤམ་གྱི་དཔེ་དེ་ལྟ་བུ་ཤར་ཡོང་།

༧༽ དེ་ནས་ཟིན་བྲིས་སུ་རང་ཉིད་ཀྱིས་གང་འགོད་འདོད་ཡོད་པའི་རྩོམ་ཡིག་དེ་འགོད་ཆོག་པ་དང། རྩོམ་ཡིག་དེ་ཅུང་རིང་པོ་ཡིན་ན། ཐིག་ཕྲེང་རེ་ཟུང་གི་མཚམས་སུ་མདའ་རྟགས་ཀྱིས་གནོན་དགོས་པ་དང་། དེ་ནས་རྩོམ་ཡིག་འགོད་ཡུལ་གྱི་གོང་དུ་གོང་གསལ་དཔེ་རིས་སུ་གསལ་བའི་ནང་དུ་འཁོད་པ་དམར་རྟགས་གོར་གོར་ཞིག་བརྒྱབ་པ་དེར་ནོན་དང་ཁྱེད་ཀྱི་རྩོམ་ཡིག་གི་མགོ་ནས་ཅུང་ཙམ་མ་གཏོགས་རྒྱབ་ངོས་སུ་མི་འཆར་བ་དང་། རྩོམ་ཡིག་ཆ་ཚང་ཀློག་སྐབས་རྩོམ་ཡིག་གི་མགོ་བརྗོད་ཐོག་མནན་ན་ཆ་ཚང་ལྟ་ཀློག་བྱེད་ཐུབ།
༨༽ དེ་དག་གྲུབ་རྗེས་གཤམ་དུ་བསྡོམས་བྱང་ཞེས་པ་ཞིག་ཡོད་པ་དེ་རུ་ཚིག་རིང་པོ་མེད་པ་ཞིག་དུས་རྒྱུན་གཅིག་པ་བྲིས་ན་དགེ་མཚན་ཆེན་པོ་ཡོད། དུས་རྒྱུན་བསྡོམས་བྱང་གཅིག་པ་བྲིས་ཡོད་ན་བསྡོམས་བྱང་ཐོག་གནོན་ཙམ་བྱས་ན་ཁྱེད་ཀྱིས་བྲིས་པའི་ཟིན་བྲིས་ཚང་མ་དུས་གཅིག་ཏུ་འཆར་ཐུབ། གལ་སྲིད་ཁྱེད་ཀྱིས་མི་གཞན་གྱི་བསྡོམས་བྱང་དང་གཅིག་པ་བཀོད་ཡོད་ན། མི་གཞན་དེའི་རྩོམ་ཡིག་དང་ཁྱེད་ཀྱི་རྩོམ་ཡིག་ཚང་མ་བསྡོམས་བྱང་ཐོག་གནོན་ཙམ་བྱས་ན་མཉམ་དུ་འཆར་ཡོང།
༩༽ བསྡོམས་བྱང་གྲུབ་རྗེས་གཤམ་གྱི་གསོག་ཉར་དང་རྩིས་མེད་ཟེར་བ་གཉིས་ཡོད་པའི་ནང་ནས་གསོག་ཉར་ཞེས་པ་དེ་མནན་ན་ཁྱེད་ཀྱིས་ཟིན་བྲིས་དེ་ཡོངས་སུ་སྤེལ་ཟིན་པ་རེད།
༡༠༽ ཁྱེད་ཀྱིས་གལ་སྲིད་འདྲ་པར་འགོད་པའམ། འདྲ་པར་བརྗེ་དགོས་པའི་ཚེ། ཐོག་མ་ནང་འཛུལ་བྱས་པའི་རྗེས་སུ་དྲ་རྒྱའི་གཡོན་ཕྱོགས་དང་རང་ཉིད་ཀྱི་ལག་པའི་གཡས་ཕྱོགས་སུ་ཐུར་དུ་བསྟར་འཕྲེང་བསྒྲིགས་པའི་མགོ་བརྗོད་དུ་ཟིན་བྲིས་ཞེས་བྲིས་པ་དེའི་ནང་ནས་ཨང་བཞི་པ། ངོ་སྤྲོད་བཟོ་བཅོས། ཞེས་པ་དེར་མདའ་མགོས་གནོན་ཙམ་གྱིས་དང་། རང་ཉིད་ཀྱི་མིང་གི་ཟུར་དུ་(ངོ་སྤྲོད་བཟོ་བཅོས།)ཞེས་པ་ཤར་ཡོང། དེའི་སྟེང་མདའ་མགོས་གནོན་ཙམ་བྱས་ན། སྐོར། ངོ་སྤྲོད་བཟོ་བཅོས། འདྲ་པར། ཞེས་འཕྲེད་དུ་བསྟར་འཕྲེང་བསྒྲིགས་ནས་ཤར་ཡོང། དེའི་ནང་ནས་མཐའ་མ། འདྲ་པར་ཞེས་པ་དེའི་ཐོག་མདའ་མགོས་གནོན་ཙམ་གྱིས་དང། Choose File ཞེས་པའི་དབྱིན་ཡིག་ཅིག་ཤར་ཡོད་པ་དེའི་ཐོག་མདའ་མགོས་མནན་ནས་རང་ཉིད་ཀྱི་འདྲ་པར་འདེམས་དགོས་པ་དང། འདྲ་པར་བདམ་ཟིན་པའི་རྗེས་སུ། ཡར་འཇུག་ཅེས་པ་དེར་མདའ་མགོས་ནོན་དང། འདྲ་པར་ཡར་འཇུག་བྱས་ནས་པར་ཚབ་ཀྱི་ཤུལ་དུ་ཁྱེད་ཀྱི་འདྲ་པར་འཆར་ཐུབ། དེ་ནས་གཤམ་གྱི་གསོག་ཉར་ཞེས་པ་དེར་མདའ་མགོས་ནོན་དང། ཁྱེད་ཀྱི་འདྲ་པར་འགོད་རྒྱུ་ལེགས་གྲུབ་ཟིན་པ་ཡིན། གསལ་བཤད་འདི་ལ་གཟིགས་ནས་གོ་རིམ་མ་འཆོལ་བ་གནང་ན་རང་ཉིད་ཀྱི་འདྲ་པར་འགོད་རྒྱུ་སོགས། ཟིན་བྲིས་གསར་བཟོ་དང་། ཟིན་བྲིས་སྤེལ་རྒྱུ་སོགས་ལ་དཀའ་ངལ་གང་ཡང་མེད།
ཀློག་མཁན་རྣམས་ལ་ཞུ་རྒྱུར་མང་ཆེ་བར་འཛུབ་མོས་རི་སྟོན་ཙམ་བྱས་ན་འགྲིག་ཀྱང་། རེ་ཟུང་གློག་ཀླད་ཀྱི་ཉམས་མྱོང་ཐོག་ལས་དང་པོ་བའང་ཡིན་སྲིད་པས་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་སླར་ཡང་འགྲེལ་བཤད་འདི་ཞུས་ན་ཅུང་ཙམ་ཕན་དུ་རེ་ནས་རྩོམ་སྒྲིག་པས་བྲིས་པ་ཡིན།
