མི་རབས་གསར་པའི་ལས་འགན།

འཛམ་གླིང་ས་ཡི་ཡང་སྟེང་ཁ་བ་གངས་རིའི་ལྗོངས་འདི་ས་ཡི་གནས་བབ་པ་ལ་ཞིག་ན་གོ་ལ་འདི་ཡི་ཐོག་ས་ཁ་མཐོ་ཤོས་དང་། འཁོར་ཡུག་ཆ་ནས་གཙང་ཤོས་ཞིག་འཆག་ཡོད་ལ། དེ་ཡི་ནང་དུ་འཚོ་གནས་བྱེད་པའི་མི་རིགས་དེ་དག་ཀྱང་འདས་པའི་ལོ་རྒྱུས་ལ་ལྟས་ན་ཆོས་རྒྱལ་ཡ་མེ་ཚོ་སྐུ་དྲེན་ལ་རྟེན་ནས་ཆབ་དཔལ་རིགས་གསུམ་གང་ལ་ལྟས་ཀྱང་འཛམ་གླིང་གི་མི་རིགས་གཞན་དང་བསྡུར་ན་ངོ་ཚ་མི་དགོས་པ་མ་ཟད་དེའི་སྐབས་སུ་བཟང་ཤོས་ཞིག་ཡིན་པ་དངོས་ཡོད་རེད།

འོན་ཀྱང་དུས་ཉི་ཤུ་དང་ཉེར་གཅིག་ནང་ལ་བོད་འདིར་ཧ་ཅང་གི་རྗེས་ལུས་ཆེན་པོ་ཐེབ་སྟེ་བོད་ཀྱི་ཆོས་དང་རིགས་གཞུང་གཉིས་ཉམས་ལ་ཉེ་བའི་དུས་ཚོད་ཞིག་སླེབས་ཡོད་པའི་སྐབས་འདིར་མི་རིགས་གསར་པ་དེ་ཚོའི་འགན་ཁྲི་གང་རེ་དགོས་མིན་འཐད་ནས་དཔྱད་གཞིབ་བྱེད་རྒྱུ་དེ་ཧ་ཅང་གི་གལ་གནས་ཆེ་ཤོས་ཞིག་གྱུར་ཡོད།དུས་རབས་གསར་པའི་བོད་མའི་བསམ་བློའི་ཁ་ཕྱོགས་གང་དུ་འགྲི་མིན་འཐད་ལ་བགློ་གླེང་རབས་དང་རིམ་པ་འབྱུང་དང་འབྱུང་བཞིན་ཡིན་པའི་སྐབས་དེར་སྨུག་ཐོག་པ་དང་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་ལས་འགན་ཆེན་པོ་ཞིག་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད

མ་འོངས་པར་གཞི་བྱིས་བོད་ཡོངས་ཀྱི་ལམ་སྟོན་དེ་སྨུག་ཐོག་པ་དང་རྩོམ་པོ་རྣམས་ཀྱི་སྣེ་ཁྲིད་དགོས་ངེས་རེད། དེ་ཙམ་ལས་དུས་ཚོད་མིན་འདུག་རྗེས་སུ་མུ་མཐུད་རྒྱུ།