ཁོར་ཡུག་ལ་བདག་པོ་རྒྱག་རོགས།
དེ་ཡང་སློབ་སྟོན་གནང་མཁན་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་དང། ཁོར་ཡུག་རུ་ཁག་གི་ཚོགས་གཙོ་ཚེ་བརྟན་རྡོ་རྗེ། དྲུང་ཆེ་བློ་གླིང་སློབ་སྤྱི་ཐུབ་བསྟན་བློ་ལྡན་བཅས་ཀྱིས་གཙོས་དྭང་བླངས་ཁོར་ཡུག་རུ་ཁག་གི་ཚོགས་མི་ཁག་ཅིག་གཞིས་གྲོང་སོ་སོར་ཆེད་བསྐྱོད་ཀྱིས་ཁོར་ཡུག་བདག་སྲུང་བྱེད་ཕྱོགས་སྐོར་ལ་མ་སྟིན་གསུང་བཤད་གནང་ཡོད་པ་རེད།
༧གོང་ས་མཆོག་གི་སྣོད་བཅུད་རྟེན་འབྱུང་གི་འབྲེལ་བའི་ཐོག་རླབས་ཆེན་གྱི་དགོངས་བཞེས་གནང་ཕྱོགས་གཞིར་བཟུང་ཐོག་ང་ཚོའི་གང་ཐུབ་ཅི་ནུས་ཀྱི་ལག་ལེན་དོན་འཁྱོར་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་དང་། དེ་བཞིན་དེང་དུས་འཛམ་བུ་གླིང་གི་ཁོར་ཡུག་འགྱུར་ལྡོག་གི་གནས་སྟངས་དང། དེའི་རྒྱུ་རྐྱེན། ལྷག་པར་བོད་པས་ཁོར་ཡུག་འབག་བཙོག་གི་དོན་རྐྱེན་སོགས་ཀྱི་ཐད་ལ་མི་མང་དཀྱུས་མ་ཞིག་གིས་ཁོར་ཡུག་བདག་སྐྱོང་བྱེད་པའི་ཐབས་ལམ་གང་ཡོད་བཅས་དོན་ཚན་བཞིའི་སྒོ་ནས་ལམ་སྟོན་གསུང་བཤད་དང་བགྲོ་གླེང་གོ་སྡུར་ལྷུག་པོར་གནང་ཡོད་པ་རེད།
ཚོགས་པ་འདི་༢༠༠༩ ལོའི་ཕྱི་ཟླ་༩ ཚེས་༢༩ ཉིན་གསར་འཛུགས་གནང་བ་དང། དཔལ་འབྱོར་འདུ་འགོད་སོགས་ཀྱི་ཆེད་དུ་བཙུགས་པ་ཞིག་མིན་ལ་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་ཡོད་སྐོར་ས་གནས་གཞིས་འགོ་ཡིས་འགྲེལ་བརྗོད་གནང་སོང།། མོན་གྷོ་གསར་འགོད་པས།
{jcomments on}