བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ།
ཐེངས་འདིའི་ཚོགས་འདུར་ཞུགས་མ་ཐུབ་པ་རྣམས་ནི། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་དང༌། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ལྷོ་ཨ་རི་འབྲེལ་མཐུད་ལས་ཁུངས་ཀྱི་ཚེ་དབང་ཕུན་ཚོགས། སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་བཅས་ཡིན་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༡ པ་དེ་ད་ལོའི་ཕྱི་ཟླ་༣པའི་ནང་འཚོགས་ཡོད་པ་དང། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐོག་མར་ཕྱི་ལོ་༡༩༩༩ ལོར་བཀའ་ཤག་གི་ལམ་སྟོན་འོག་འཚོགས་ནས་ད་བར་མི་ལོ་༡༡ འགྲོ་ཡི་ཡོད་པ་རེད།།