ཝ་ར་དགོན་པའི་གྲྭ་པ་གསུམ་འཛིན་བཟུང།
གྲྭ་པ་དེ་དག་ནི་སྐལ་བཟང་དར་རྒྱས་དང་(རང་ལོ་༣༢) བཀྲ་ཤིས་ལྷུན་འགྲུབ། (རང་ལོ་༢༢) བཀྲ་ཤེས་དབང་འདུས་(རང་ལོ་༣༥ )བཅས་ཡིན་པ་རེད། རྒྱ་ནག་གཞུང་གིས་དེ་སྔོན་ཡང་ཝ་ར་དགོན་པའི་དགེ་འདུན་པ་ཁག་ཅིག་འཇུ་བཟུང་བྱས་པ་དང། ད་ལྟའང་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། གྲྭ་པ་དེ་འཛིན་བཟུང་བྱེད་དགོས་དོན་གཙོ་བོ་བོད་དོན་དང་འབྲེལ་བའི་ལས་འགུལ་བྱེད་རྒྱུ་ཡོད་པར་དོགས་པ་བྱེད་ཀྱི་ཡོད་འདུག །