རྒྱ་ནག་གཞུང་ཚབ་ཀྱིས་སྙན་ཞུ་ཕྱིར་སློག
གཞུང་ཚབ་ལས་བྱེད་ཀྱིས་མོའི་རྒྱབ་ཁུག་སྔོག་བཤེར་བྱས་ཏེ། སྙན་ཞུ་ཡིག་ཆ་ཡོད་པ་ཕྱིར་སློག་བཏང་བ་ལས་ལས་ཁུངས་སུ་བཅར་བཅུག་མི་འདུག
ཨ་རིའི་ཝ་ཤིན་ཊོན་དུ་ཡང་མི་སྟོང་ཕྲག་བཞི་བཅུའི་མཛུབ་ཐེར་བརྒྱབ་སྟེ་རྒྱ་ནག་གཞུང་ཚབ་ཏུ་སྤྲོད་དུ་འགྲོ་སྐབས། མི་ཡར་མ་བཏང་བར་ཡིག་ཆ་ཕྱི་ལོག་ཏུ་བཞག་པ་ལས། ཡར་ལས་ཁུངས་སུ་བཅར་བཅུག་མི་འདུག དེ་བཞིན་རྒྱལ་ཁབ་མང་པོའི་ནང་སྤྲུལ་སྐུའི་ཁྲིམས་ཐག་བཅད་པ་དེར་བསྐྱར་ཞིབ་ཀྱིས་གློད་གྲོལ་དགོས་སྐོར་གྱི་སྙན་ཞུ་སྤྲད་ཡོད་པ་རེད།།