དམིགས་བསལ་སྐུ་ཚབ་གསར་པ་ཞིག་རྙེད་སོང་།
རྦད་དེ་ལྡོག་ཕྱོགས་སུ་ལག་ལེན་བསྟར་བ་དང་དྲིན་ལན་ལོག་འཇལ་བྱས་པའི་དབང་གིས་ད་བཟོད་གཞི་ནས་བློ་འགྱོད་ཆེན་པོའི་ངང་ཞིབ་འཇུག་བྱེད་དགོས་པ་ཆགས་ཡོད། ད་ཐེངས་ཀྱི་ཆེས་དཔལ་འབར་ལྡན་པའི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་མཆོག་སྤྲུལ་བློ་བཟང་བསྟན་འཛིན་ལགས་སུ་བོད་མིའི་ངོས་ནས་གུས་བཀུར་དང་བརྩི་མཐོང་ཇི་ཙམ་ཞུས་ཡོད་མེད་དང་ཕྱོགས་གཞན་ཞིག་ནས་སྐྱོན་བརྗོད་དང་ཉེས་འགེལ་ཅི་ཞིག་ཞུས་ཡོད་མེད་ཚོར་བ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་ཚང་མས་ཤེས་དགོས་ཀྱི་འདུག
འདིར་རིན་པོ་ཆེ་ཁོང་ལ་ཁྱད་ཆོས་ཉི་ཤུ་རྩ་གཉིས་ཀྱི་ཐོག་ཏུ་ངོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་བོད་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་འཁུལ་བྱེད་པའི་རྣམ་འགྱུར་འདིས་ཆེས་རིན་ཐང་ཅན་གྱི་བཀའ་ཁྲི་འདིར་སྐབས་བཅུ་བཞི་པའི་མང་མོས་ཀྱི་བཀའ་བློན་དུ་ཡིད་ཆེས་ཞུ་ཡི་མེད་རུང་། ལམ་ལུགས་དང་འགྲོ་ལུགས་ཡོད་པའི་སྤྱི་འཐུས་ཚོགས་གཙོར་རེ་བ་བྱེད་ཀྱི་ཡོད།
ནང་དོན༽ ནོར་བུའི་ནོར་ཉམས་མ་ཆོད་ན། །ཤིང་ཨཱ་ཀ་རུ་ལ་ཁྱི་གཅིན་བྲོ། །
སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེར་སྐྱབས་སུ་མཆིས།
༡༽ སྤྱི་སེམས། ཆེ་བའི་ཆ་ནས་ཕྱག་ལས་ཀྱི་ངོ་བོ་བརྟན་པ།
༢༽ སྤོབས་པ། མཐོ་བའི་སྟོབས་ཀྱིས་ཐུགས་ལ་ཡོད་ཚད་བེད་སྤྱོད་གནང་ཐུབ་པ།
༣༽ མཁྱེན་ཡོན། ཡངས་བའི་དབང་གིས་མཐོང་ཚད་ཀྱི་ལས་རིགས་ཀུན་ལ་ལེགས་ཆ་འདོན་ཐུབ་པ།
༤༽ ཆོད་སེམས། བརྟན་པའི་རྒྱུ་མཚན་གྱིས་རང་འཁྲིའི་ཕྱག་ལས་ཚང་མ་ལག་བསྟར་ཐད་ཀར་གནང་ཐུབ་པ།
༥༽ མིག་རྒྱང་རིང་། བ་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་རྟོག་ཞིབ་ཀྱི་ཁ་རྒྱ་ཆེ་བ།
༦༽ དད་པ་བརྟན་པོ། མངའ་བ་དེས་ཆོས་ལུགས་ལས་བྱུང་བའི་ལམ་སྟོན་ཐམས་ཅད་ཕྱག་ལེན་ལ་འཁེལ་ཐུབ་པ།
༧༽ ཐུགས་ཡངས། དཀྱིལ་ཆེ་བས་འབངས་མི་ཕལ་མོ་ཆེར་བདེ་སྐྱིད་ཀྱི་གླིང་ཁར་ཁྲིད་ཐུབ་པ།
༨༽ རྙིང་ཞེན་དོར། བའི་དབང་གིས་དེང་རབས་ཀྱི་ལེགས་པའི་སློབ་གསོའི་ཁ་ཕྱོགས་ལ་ཡོངས་སུ་བསྒྱུར་ཐུབ་པ།
༩༽ ལར་ཞེན། ཡོད་པའི་ཆ་ནས་བོད་མི་རིགས་ཀྱི་ལས་དོན་ལ་ཐུགས་བརྩོན་རྒྱུན་མི་ཆད་པ།
༡༠༽ སྤྱི་དོན་དུ་རང་ཉིད་བློས་གཏོང་། གནང་ཐུབ་པའི་སྟོབས་ཀྱིས་མི་ཚང་མས་ཡིད་ཆེས་དང་བློས་གཏད་ཀྱི་ཡུལ་དུ་གྱུར་པ།
༡༡༽ རྒྱུ་དག།ཡོད་པའི་ཆ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་སྲོལ་རྒྱུན་ལེགས་ཆ་ཐམས་ཅད་ལ་མཐོང་ཆེན་གནང་ཐུབ་པ།
༡༢༽ མཐོང་རྒྱ། ཆེས་ཆེས་བའི་དབང་གིས་ཕ་རོལ་པོའི་སྐྱེ་བོ་ཀུན་ཀྱི་དྲི་བར་ཐོགས་པ་མེད་པར་བཀའ་ལན་གནང་ཐུབ་པ།
༡༣༽ བྱམས་བརྩེ། ཆེས་ཟབ་པའི་ཆ་ནས་ལས་དོན་ཐམས་ཅད་ཞི་འཇམ་ཁོ་ནའི་ཕྱོགས་སུ་དྲངས་ཐུབ་པ།
༡༤༽ ཐམས་ཅད་རིག་ཐུབ་པ། ཡོད་པའི་ཆ་ནས་སྐྱེ་བོ་མཆོག་དམན་བར་ལ་གསུམ་སྙོམས་པའི་མཛད་འཁུར་བཞེས་ནུས་པ།
༡༥༽ གུད་ཡངས། ཀྱི་ཁྱད་ཆོས་མངའ་བས་འབངས་མི་དང་སྲི་ཞུའི་ལས་བྱེད་མཐའ་དག་ངང་གིས་འགུགས་ནུས་པ།
༡༦༽ འཁོན་འཛིན་མེད། པའི་དབང་གིས་ལས་དོན་གང་ཡིན་རུང་བར་ཆད་ཀྱིས་མི་ཚུགས་པ།
༡༧༽ སྨྲ་མཁས། ཀྱི་རྩལ་ཆེ་བའི་ཆ་ནས་གནས་ལུགས་ཆེ་ཕྲ་ཆུང་གསུམ་ཐམས་ཅད་གོ་བདེ་བ།
༡༨༽ ཕྱོགས་རིས། མེད་པའི་རྒྱུ་མཚན་གྱིས་མི་ཚང་མའི་ཡིད་དུ་འོང་བ་འབའ་ཞིག་གི་གནས་སུ་གྱུར་པ།
༡༩༽ རང་དོན་ཁོག་བཅུག མེད་པའི་ཆ་ནས་ཕྱག་ལས་གང་གནང་ཐམས་ཅད་བློས་འཁེལ་བྱེད་ཐུབ་པ།
༢༠༽ ཕྱི་ཐག་མི་ཐུང་བའི་ཆ་ནས་ཕྱག་ལས་ཀྱི་ངོ་བོ་རྒྱུན་བསྲིང་ཐུབ་པ།
༢༡༽ ཕྱི་གཤོལ་མེད། པའི་སྟོབས་ཀྱིས་ལས་དོན་ཐམས་ཅད་དུས་ཐོག་ཏུ་སྐྱངས་ཐུབ་པ།
༢༢༽ གཞུང་དྲང་པོ། ཡོད་པ་ལ་བརྟེན་ནས་གནད་དོན་ཆེ་ཕྲ་ཆུང་གསུམ་གྱི་ཐད་མི་རྣམས་ཀྱིས་རེ་བལྟོས་ཞུ་འོས་པ།
འདི་ཚོ་ནི་གོ་བདེ་མཐོང་བདེས་བྲིས་པ་ཙམ་ཡིན། འདིར་དྲ་གྲོགས་ཚང་མས་དགོངས་ཚུལ་ལྷུག་པོར་སྤུངས་རོགས་ཞུ།
