འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་གྱི་གནད་འགག་དུས་སྐབས།

ཚེས་༢༦ ཉིན་ཡག་ཤོས་རྒྱལ་ཁབ་༡༦ གི་ནང་ནས་ཡག་ཤོས་རྒྱལ་ཁབ་༨ འདེམས་དགོས་པས། དེའི་ཉིན་ཡུ་རུ་གྷུའེ་དང། ལྷོ་ཀོ་རི་ཡའི་དབར་རྩེད་འགྲན་བྱས་ནས་ཡུ་རུ་གྷུའེ་ལ་རྒྱལ་ཁ་ཐོབ་པ་རེད། དེ་རྗེས་ཨ་རི་དང་གྷ་ན་གཉིས་དབར་རྩེད་འགྲན་བྱས་ནས་གྷ་ན་ལ་རྒྱལ་ཁ་ཐོབ། ཚེས་༢༧ ཉིན་འཇར་མན་དང་དབྱིན་ཇི་གཉིས་དབར་རྩེད་འགྲན་བྱས་ནས་འཇར་མན་ལ་རྒྱལ་ཁ་ཐོབ། དེ་རྗེས་ཨར་རྗན་ཊི་ན་དང། མེག་སི་ཁོ་གཉིས་དབར་རྩེད་འགྲན་བྱས་ནས་ཨར་རྗན་ཊི་ན་ལ་རྒྱལ་ཁ་ཐོབ་པ་རེད། རྒྱལ་ཁབ་དེ་དག་གི་ནང་དུ་ཤོར་མཁན་རྒྱལ་ཁབ་བཞི་པོ་ཡང་བསྐྱར་རྩེད་འགྲན་བྱེད་པའི་གོ་སྐབས་མེད་པ་རེད།

ཚེས་༢༨ ཉིན་ནེ་དྷར་ལན་ཌི་དང་སི་ལོ་ཝ་ཀི་ཡ་དབར་རྩེད་འགྲན་བྱེད་རྒྱུ་དང། དེ་རྗེས་བྷི་ར་རྫིལ་དང་ཆི་ལི་གཉིས་དབར་འགྲན་རྒྱུ། ཚེས་༢༩ ཉིན་ཕཱ་ར་གྷུའེ་དང་ཉི་ཧོང་དབར་འགྲན་རྒྱུ་དང། དེ་རྗེས་སི་པན་དང་ཕོར་ཆུ་གྷལ་དབར་འགྲན་རྒྱུ་ཡིན་པ་རེད། མདོར་ན། ཕྱི་ཚེས་༢༦ ནས་འགོ་བཙུགས་ཏེ་ཚེས་༢༨ བར་འགྲན་བསྡུར་བྱེད་པའི་རྒྱལ་ཁབ་༡༦ ནང་དུ་རྒྱལ་ཁབ་༨ ཤོར་རྒྱུ་དང། གཞན་༨ ལ་རྒྱལ་ཁ་འཐོབ་ཀྱི་ཡོད་པ་རེད།

དེ་ནས་ཕྱི་ཟླ་༧ པའི་ཚེས་༢ དང་༣ ལ་ཁོ་ཊེར་ཕྷའེ་ནལ་(Quarter Finals) ཞེས་མཐའ་མའི་འགྲན་སྡུར་ཐེངས་དང་པོ་དེ་བྱེད་རྒྱུ་ཡིན་པ་དང། མཐའ་མའི་འགྲན་རྩོད་ཐེངས་དང་པོའི་ནང་དུ་རྒྱལ་ཁབ་༡༦ ནང་ནས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་༨ པོ་དེ་རྣམས་ཀྱི་དབར་འགྲན་རྒྱུ་ཡིན་པ་རེད། ད་བར་རྒྱལ་ཁབ་༨ ཀྱི་གྲས་སུ་ཚུད་ཟིན་པ་ནི། ཡུ་རུ་གྷུའེ་དང། གྷ་ན། འཇར་མན། ཨར་རྗན་ཊི་ན་བཅས་ཡིན་པ་དང། གཞན་ལྷག་མ་བཞི་པོ་སུ་ལ་ཐོབ་མིན་ད་ལྟ་གཞི་ནས་རྩེད་འགྲན་བྱེད་རྒྱུ་བསྡད་ཡོད།

footballmatch123དེ་ནས་ཕྱི་ཟླ་༧ པའི་ཚེས་༦ དང་༧ ལ་སི་མི་ཕྷའེ་ནལ་(Semi-Finals) ཞེས་མཐའ་མའི་འགྲན་སྡུར་ཐེངས་གཉིས་པ་དེ་བྱེད་རྒྱུ་དང། མཐའ་མའི་འགྲན་སྡུར་ཐེངས་གཉིས་པའི་ནང་དུ། གོང་གི་མཐའ་མའི་འགྲན་སྡུར་ཐེངས་དང་པོའི་སྐབས་ཀྱི་རྒྱལ་ཁ་ཐོབ་མཁན་རྒྱལ་ཁབ་བཞི་པོའི་དབར་འགྲན་རྒྱུ་ཡིན་པ་དང། དེའི་ནང་ནས་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་ཁབ་གཉིས་པོ་དེ་ཕྱི་ཟླ་༧ པའི་ཚེས་༡༡ ཉིན་ཕྷའེ་ནལ་(Final) ཞེས་ཆེས་མཐའ་མའི་འགྲན་སྡུར་རམ། མཐའ་མའི་འགྲན་སྡུར་ཐེངས་གསུམ་པའི་ནང་དུ་འགྲོ་དགོས་ཀྱི་ཡོད་ལ། དེ་གཉིས་ཀྱི་ནང་ནས་སུ་ལ་རྒྱལ་ཁ་ཐོབ་པ་དེར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༡༩ པའི་ནང་གི་ཨང་དང་པོ་ཆགས་ཀྱི་ཡོད་པ་དང། དེའི་ཁ་གཏད་ཤོར་མཁན་དེར་ཨང་གཉིས་པའི་རྒྱལ་ཁ་འཐོབ་ཀྱི་ཡོད་པ་རེད།

ད་ལྟའི་བར་ཨེ་ཤ་ཡའི་གླིང་ཕྲན་ནང་གི་རེ་བ་བྱེད་ས་ཉི་ཧོང་གཅིག་པུ་ལས་གཞན་ལྷོ་བྱང་ཀོ་རི་ཡ་གཉིས་ཀ་ཤོར་ཟིན་པ་དང། ཡུ་རོབ་གླིང་ཕྲན་གྱི་ནང་ནས་རྒྱལ་ཁབ་༥ མ་གཏོགས་གཞན་བརྒྱད་པོ་ཤོར་ཟིན། བྱང་ཨ་རིའི་གླིང་ཕྲན་གྱི་རྒྱལ་ཁབ་གསུམ་ཀ་ཤོར་ཟིན། ཨོ་སི་ཁྲུ་ལི་ཡ་དང་ནིའུ་རྫི་ལན་ཌི་གཉིས་ཀྱང་ཤོར་ཟིན་པ་རེད། དེ་བཞིན་ལྷོ་ཨ་ཕྷི་རི་ཁའི་གླིང་ཕྲན་ནང་གི་གྷ་ན་མ་གཏོགས་གཞན་རྒྱལ་ཁབ་ལྔ་པོ་ཤོར་ཟིན། འོན་ཀྱང་ལྷོ་ཨ་མི་རི་ཁའི་གླིང་ཕྲན་ནང་གི་རྒྱལ་ཁབ་ལྔ་ཡོད་པ་ཚང་མ་ད་ལྟའི་ཆར་ཤོར་བ་གཅིག་ཀྱང་བྱུང་མེད་པ་རེད། རྒྱལ་ཁབ་ལྔ་པོ་དེ་རྣམས་ནི། ཨར་རྗན་ཊི་ན་དང། བྷི་ར་རྫལ། ཕ་ར་གྷུའེ། ཆི་ལི། ཡུ་རུ་གྷུའེ་བཅས་ཚང་མ་རྒྱལ་ཁབ་ཡག་ཤོས་༡༦ གི་གྲས་སུ་ཚུད་པ་མ་ཟད། དེའི་ནང་གི་ཨར་རྗན་ཊི་ན་དང། ཡུ་རུ་གྷའེ་གཉིས་མཐའ་མའི་འགྲན་སྡུར་ཐེངས་དང་པོའི་ནང་ཚུད་ཟིན་པ་རེད།།

{jcomments on}