ཡུ་གུར་མི་རིགས་ཀྱི་དུས་དྲན་བཀག་འགོག

དེ་ཡང་ཟླ་འདིའི་ཚེས་༤ ཉིན་བྷི་བྷི་སའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མའི་ཟླ་བ་༧ ཚེས་༥ ཉིན་ཡུར་གུར་མི་རིགས་དང་རྒྱ་ནག་ཧན་མི་རིགས་གཉིས་དབར། མི་རིགས་དབྱེ་འབྱེད་ཀྱི་རྙོག་འཛིང་འོག་ནས་འཐབ་འཁྲུག་བྱུང་བ་དང། སྐབས་དེར་རྒྱ་ནག་གཞུང་གིས་ཧན་མི་རིགས་ཀྱི་རྒྱབ་རྩ་བྱས་ནས། ཡུ་གུར་བ་༢༠༠ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང། དེ་ལས་མང་བ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་པ་རེད།

ཟླ་འདིའི་འགོ་ནས་ཡུ་གུར་མི་རིགས་ཀྱི་རྒྱལ་ས་ཨུ་རུ་མུ་ཆིའི་ནང་། ཡུ་གུར་བ་མང་པོས་གྱེན་ལངས་བྱས་ནས་ལོ་༡ འཁོར་བའི་དུས་དྲན་ཞིག་སྲུང་བརྩིའི་བྱེད་རྒྱུའི་འཆར་གཞི་བསྒྲིགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ཚེས་༢༠ ནས་ཟླ་བ་གཅིག་གི་རིང། ས་གནས་ཉེན་རྟོག་པ་ཚོས་གུང་སེང་གཏོང་མི་ཆོག་པ་དང་། ཁྲོམ་གཞུང་ཁག་ཏུ་གསང་བའི་རང་འགུལ་པར་ཆས་༡༠༠༠ བཙུགས་ནས། དུས་དྲན་སྲུང་བརྩི་བྱེད་མཁན་དང་མི་མང་འདུ་འཛོམས་བྱེད་ས་མེད་པ་བཟོས་ཡོད་པ་དང། དེ་དང་འབྲེལ་ནས་ས་གནས་དེའི་དྲ་རྒྱ་དང་ཁ་པར་སོགས། འབྲེལ་ལམ་བྱེད་སའི་བརྒྱུད་ལམ་ཚང་མར་དམ་དྲག་བྱས་ཡོད་འདུག

ས་གནས་ཉེན་རྟོག་པའི་འགོ་དཔོན་གྱིས་བརྒྱུད་ལམ་ཁག་ཏུ། “ཤིན་ཅང་ལུང་པ་འདི་སྲ་བརྟན་ངང་ནས་རྒྱུན་གནས་ཐུབ་རྒྱུར་ང་ཚོར་གདེངས་ཚོད་ཆེན་པོ་ཡོད་ལ། འདི་རྒྱུན་གནས་ཐུབ་པའི་ནུས་པའང་ང་ཚོར་ཡོད་པ་རེད་”ཅེས་བརྗོད་ཡོད་པ་དང། དེ་བཞིན་ལོ་སྔོན་མར་ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་གྱེན་ནས་བཟུང། ས་གནས་ཉེན་རྟོག་པ་༥༠༠༠ ལྷག་ཙམ་གསར་འཇུག་བྱས་ཏེ་སྦྱོང་བརྡར་སྤྲད་ཡོད་པ་དང། ད་ལྟའི་ཆར་ཡུལ་དེའི་ཟ་ཁང་ཁག་གི་གྲི་རྣམས་ཉེན་རྟོག་པས་བཙན་གྱིས་བསྡུ་ལེན་བྱས་པ་དང། སློབ་གྲྭ་དང་མེ་འཁོར་འབབ་ཚུགས་སོགས་སུ་གསང་བའི་ཉེན་རྟོག་པ་ཆེད་འཛུགས་བྱས་ཡོད་འདུག

རྒྱ་ནག་གཞུང་གི་ངོས་ནས་ཡུ་གུར་མི་རིགས་རྣམས་དོན་མེད་ཀྱིས་བཙོན་འཇུག་དང། མནར་གཅོད། དྲག་གནོན་སོགས་བྱེད་ཀྱི་ཡོད་པ་དང་། ཤར་ཏུར་ཀི་སི་ཐཐན་གྱི་ཡུ་གར་བ་ས་ཡ་༨ ལས་མང་བ་གནས་སྡོད་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ཧན་མི་རིགས་དེ་ལས་མང་བ་ཡུལ་དེར་གནས་སྤོ་བྱེད་ཀྱི་ཡོད་པས། ཡུར་གུར་བའི་གོམས་གཤིས་དང་རིག་གནས་སོགས་ལ། རྒྱ་ནག་ཧན་མི་རིགས་ཀྱིས་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་པའི་སྐོར་ལ་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་སྐྱོན་བརྗོད་བྱས་ཡོད་པ་རེད།

{jcomments on}