ཨ་མ་ལགས།

བོད་ཕྲུག་ཁྲི་ཕྲག་དུ་མའི་སྲོག་བྱིན་དང་མགོན་སྐྱབས། བོད་ཁྱིམ་གྱི་དབུ་འཛིན་ཟུར་པ་དང་༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་འདི་ལོའི་ཟླ་བ་བདུན་པའི་ཚེས་བདུན་ཉིན་དགུང་གྲངས་བདུན་ཅུར་ཕེབས་པའི་ཉིན་མོར་ང་ཚོ་བོད་ཕྲུག་ཚང་མས་འཚམས་འདྲི་བཀྲི་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་ཁོང་སྐུ་ཚེ་ཡུན་རིང་གནས་པ་དང་ཁོང་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུ་ཞུ་བཞིན། སྐབས་དེ་དང་བསྟུན་ནས་ངས་ཁོང་ལ་ད་བར་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།