མུ་མཐུད་དུ་བསམ་གཞིག་བྱས་པ་ཡིན།
མུ་མཐུད་དུ་བསམ་གཞིག་བྱས་པ་ཡིན།
ཉེ་བའི་ཆར་མ་སུ་རི་བོད་ཁྱིམ་ནས་སློབ་མ་དགུ་ཕྱིར་ཕུད་བྱས་འདུག དེའི་སྐོར་ལ་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་འདུག དང་ཐོག་བུ་རང་ལོ་༡༣ ཅན་ཞིག་དང། བུ་མོ་གཉིས་ཀྱིས་འཛིན་ཁང་ནང་དུ་འཁྲིག་སྤྱོད་བྱས་པ་སློབ་གྲྭའི་འབྲེལ་ཡོད་ཀྱིས་འཇུས་པ་དང། ཁོང་གཉིས་ཕྱིར་ཕུད་གཏོང་དགོས་སྐོར་འགན་འཛིན་གྱིས་བརྗོད་སྐབས། བུ་མོ་དེའི་བུ་གཞན་དང་མཉམ་དུ་འཁྲིག་སྤྱོད་བྱུང་བ་བཤད་རྗེས། ཕ་ཚབ་མ་ཚབ་གཉིས་དང། སློབ་མ་བུ་བརྒྱད་དང་བུ་གཅིག་བཅས་ཕྱིར་ཕུད་བཏང་འདུག ད་ལྟ་ཁག་ཅིག་གྲྭ་རྐྱང་ཞིག་གིས་རང་ངོས་ནས་འགྲོ་སོང་བཏང་སྟེ། ཕྱིར་དྷ་སར་ཁྲིད་ནས། སློབ་གྲྭའི་སྒྲིག་འཛུགས་ཁག་ལ་རེ་བ་བྱེད་བཞིན་འདུག
སློབ་མ་ཚོའི་མདུན་ལམ་ལ་བསམ་གཞིག་བྱེད་སྐབས། ངོ་མ་སེམས་པ་སྐྱོ་དགོས་པ་ཞིག་རེད། སློབ་གྲྭ་ནས་ཕྱིར་ཕུད་པ་དང། ཁོང་ཚོའི་གང་དུ་འགྲོ་དགོས་པ་རེད། ནང་ཞིག་ཡོད་དམ། ནང་མི་ཚང་མ་བོད་ནང་དུ་ཡོད། ཕྱིར་ལོག་སྐབས་རྒྱ་ནག་བཙོན་འཇུག་བྱེད་ཀྱི་རེད། རང་འཚོ་ཐུབ་བབ། ལོ་ན་མ་སྨིན་པའི་སློབ་མ་རྐྱང་རྐྱང་རེད། དབང་ཆེན་ཚོའི་ཐག་གཅོད་གཅིག་གིས་གཉོམ་ཆུང་ཚོར་སྡུག་བསྔལ་ག་ཚོད་སྤྲད་ཟིན། གོམ་པ་ནོར་བའི་སྐྱོན་ཆ་ཞིག་ལ། ཉེས་པ་གཞན་ཞིག་བཏང་ན་འགྲིག་གམ། མུ་མཐུད་སློབ་སྦྱོང་གི་མདུན་ལམ་ལ་དེ་སྤྲད་ན་ག་འདྲ། སློབ་མ་ཚོ། ང་ཚོ་ཕྲུ་གུ་ཡིན་དུས་དང། ཁྱེད་ཚོའི་སྤྱོད་པ་གཅིག་མཚུངས་ཡིན་གྱི་རེད། དཔེ་ཁུག་རྒྱབ་ཏུ་ཁུར་ནས། དགེ་རྒན་ལ་གཡོལ་སྟངས་གཅིག་པ་རེད། ནོར་འཁྲུལ་ཤོར་བ་དང་གསང་བ་བྱེད་སྟངས་གཅིག་པ་རེད། ནོར་འཁྲུལ་དེ་དངོས་ནས་ནོར་འཁྲུལ་ཞིག་རེད་དམ། མ་རེད་སྙམ། སློབ་མ་དང་མ་འཚམས་པ་དང། སློབ་གྲྭའི་སྒྲིག་འཛུགས་དང་མ་འཚམས་པ་རེད། དེ་ན། སློབ་མ་ལ་དཔག་པའི་ཉེས་ཆད་ཅིག་མ་བཅད་པ་གང་ཡིན།
གྲོགས་པོ་ཆུང་ཆུང་ཚོ། སློབ་གྲྭ་དང་རྒྱང་ཐག་རིང་དུ་ཆོད་དུས། ཁྱེད་ཚོའི་སེམས་ནང་དུ་ཅི་ཞིག་དྲན་ཡོད། མི་འབོར་མང་བའི་སྤྱི་ཚོགས་ནང་དུ་སོ་སོར་བདག་སྐྱོང་བྱེད་མཁན་ཞིག་མེད་སྐབས། སེམས་ལ་དཀའ་ངལ་ག་ཚོད་ཡོད། ངོ་མ་བཤད་ཤེས་ཀྱི་མི་འདུག
གྲོགས་པ་ཆུང་ཆུང་ཚོ། ཡིད་མ་ཕམ་པར། མུ་མཐུད་མདུན་སྐྱོད་གྱིས་དང། འོད་སྟོང་འབར་བའི་མདུན་ལམ་ཡོད་ངེས། ཚུལ་མཐུན་གྱི་འཚོ་བ་སྐྱེལ་དང། ཡིད་ཕངས་དགོས་པའི་ཉེས་ཆད་དེ་གྲོགས་སུ་འགྱུར་ངེས། བསམ་མེད་ཚོས་བརྙས་བཅོས་བྱེད་སྲིད། ས་དེ་ནས་ཡར་ལ་ལོངས་དང། གྲོགས་པ་ཚོ། ངའི་སྡུག་སྐད་དེ་སུས་གོ་ཡི་ཡོད་དམ། ཡིད་འཇོག་བྱེད་མཁན་ཉུང་ཉུང་ཡིན་གྱི་རེད། སློབ་སྦྱོང་གི་གོ་སྐབས་རག་ན། སྔར་ལྷག་འབད་བརྩོན་བྱེད་དགོས། ཚང་མ་སློབ་མའི་དུས་སུ་ནོར་འཁྲུལ་ཤོར་སྟངས་གཅིག་པ་རེད། ཡིན་ནའང་ཉེས་ཆད་རག་སྟངས་ལ་ཁྱད་པར་ཡོད། གྲོགས་པ་ཆུང་ཆུང་༌༌༌༌
