འོས་གཞི་གྲ་སྒྲིག་ཡིན་ནམ

དེང་སྐབས་འོས་བསྡུ་ལ་དོ་སྣ་ཆེ་མདོག་གིས་ཚོགས་པ་དང། སྐྱིད་སྡུག་འདྲ་མིན་གྱི་འོས་གཞིན་འདོན་གྱི་འདུག ད་དུང་སྒེར་པ་ཁག་རེ་མཉམ་རུབ་ཀྱིས་འོས་གཞིན་འདོན་གྱི་འདུག ངས་བལྟས་ན། གནད་དོན་དེ་སོ་སོའི་ཕྱོགས་རྟོགས་ཀྱི་མི་ཞིག་མ་སླེབས་པར་ཁྱབ་བསྒྲགས་བྱེད་ཆེད་དུ་ཡིན་པ་ལས། སྤྱི་མི་ཚད་ལྡན་ཞིག་འཚོལ་གྱི་མེད་པའི་ཚོར་སྣང་བྱུང། འོས་འདོན་མཁན་དེས་སོ་སོ་དང་ལུང་ཚན་གཅིག་པ་འོས་གཞིའི་ནང་གཙོ་འདོན་བྱེད་ཀྱི་འདུག བཀྲམ་ཡོད་པའི་འོས་གཞི་དེ་ཚོར་གཟིགས་དང། ཁྱེད་ཚོས་བལྟས་ན། འདི་ནི་བོད་ཀྱི་མང་གཙོ་ཡར་རྒྱས་ཤིག་ཡིན་ནམ། སོ་སོ་ལ་འོས་གཞི་གྲ་སྒྲིག་མེད་ན། སུ་ལ་བལྟས་ཏེ་འོས་བླུགས་རྒྱུ་ཡིན། དྲིལ་བསྒྲགས་ལ་མཁས་པའི་རྗེས་སུ་འབྲང་རྒྱུ་ཡིན་ནམ།