དགའ་བྱང་སློབ་གྲྭའི་ཁོར་ཡུག་ལས་འགུལ།
འགྲོ་བ་མིའི་ཁོར་ཡུག་གི་བསྒྲགས་གཏམ་སོགས་ཁ་བཤད་ཙམ་མིན་པར་ལག་ལེན་དུ་བསྟར་ཆེད་དུ་ང་ཚོས་མུ་མཐུད་ནས་ཟླ་རེའི་ནང་ཐེངས་གཉིས་རེར་དགའ་ལྡན་གླིང་ལ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་རྒྱུ་ཡིན། དེ་ནི་རང་གཞན་གཉིས་ལ་ཕན་ཡོད་གནོད་མེད་ཀྱི་ལས་གཞི་ཞིག་ཡིན་ཞེས་དང། ནམ་ཞིག་རང་བྱུང་ཁོར་ཡུག་འདི་འཇིག་ཚེ་སྐྱེ་འགྲོ་ཡོངས་ཀྱི་ཚེ་སྲོག་ཀྱང་དེ་ནས་མཇུག་བསྡུས་ཟིན་པས། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་དང་ལས་ཁུངས་དག་གི་འོས་འགན་ཡིན་པ་མ་ཟད། ཁོར་ཡུག་དེ་དང་དེར་འཚོ་སྡོད་བྱེད་པའི་མི་ཚང་མའི་འོས་འགན་ཡང་ཡིན།དེའི་ཕྱིར་༧གོང་ས་མཆོག་གིས་ཀྱང་མི་རྣམས་ཀྱི་སྐྱེ་ཁམས་ཀུན་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གསོ་སྐྱོང་བྱ་དགོས་པའི་ཐད་དུ་བཀའ་སློབ་རིམ་པར་གནང་ཡོད་ལ། བདག་ཅག་གི་སྟོན་པས་ཀྱང་། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་འདི་དག་བརྟེན། ཞེས་དང་། སྤྱོར་བའི་ཆོས་དྲུག་ཏུའང་གནས་ཁང་བྱི་དོར་བྱེད་པ་ནི་དང་པོར་འཇོག་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པས། ང་ཚོས་འདི་དང་འདི་ལྟ་བུའི་ཁོར་ཡུག་གཙང་བཟོའི་ལས་འགུལ་གང་མང་སྤེལ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།
{jcomments on}
