གཞོན་ལྷན་གྱི་ཚོགས་མི་ཕྱིར་ཕུད།

ཚོགས་གཞོན་གྱི་གནད་དོན་དེ་གཞོན་ལྷན་ནང་ནས་རྙོག་གླེང་རྙིང་པ་ལས་འཕྲོས་པ་ཞིག་ཡིན་པ་དང། ཕུར་བུ་ཚེ་རིང་ཕྱིར་ཕུད་དགོས་དོན་གསལ་པོ་མི་འདུག་ཀྱང་། གཞོན་ལྷན་གྱི་ལངས་ཕྱོགས་དང་མི་མཐུན་པའི་སྐད་ཆ་ཞིག་ལས་བྱུང་བ་ཡིན་སྐོར་འདུག གསལ་པོ་ཤེས་མ་སོང་། ཤེས་ཀྱང་ཕན་ཐོགས་ཡོད་པ་ཞིག་ཀྱང་ཡིན་ཚོད་མི་འདུག

གནད་དོན་དེ་གཉིས་ནི་མི་གཅིག་གཉིས་ཀྱི་དབང་ཤུགས་དང། བཙན་ཤེད་ཀྱིས་ཕྱིར་ཕུད་བྱས་པ་ཞིག་མ་ཡིན་པར། ཚོགས་བཅར་བའི་ནང་ནས་སྤྱི་མོས་དང་མང་མོས་ཀྱིས་ཐག་གཅོད་ཅིག་རེད་འདུག ཐག་གཅོད་བྱེད་སྟངས་འདི་ལ་བལྟས་ན།  མ་འོངས་པར་གཞོན་ནུ་ལྷན་ཚོགས་ཀྱི་ཆིག་སྒྲིལ་ཡར་རྒྱས་ཡོང་བའི་རེ་བ་ཆེན་པོ་ཞིག་འདུག