རྒྱ་ནག་གིས་སྤྲིན་པ་དང་ཆར་བ་རྫུན་བཟོ་བྱེད་ཀྱིན་ཡོད་པ།
རྒྱ་ནག་གཙོ་བྱེད་པའི་རྒྱ་ཁབ་ཁ་ཤས་ཀྱིས་ལོ་ཤས་སྔོན་ནས་སྤྲིན་པ་རྫུན་མ་བཟོ་ཡི་ཡོད་པ་དང་ཆར་བ་མེད་པའི་ས་ཁུལ་ཁག་ལ་ཆར་རྫུན་ཕབ་གྱིན་ཡོད་པ་རེད། ད་དུང་ཁོང་རང་ཚོའི་ས་གནས་མང་པོ་ཡང་ཆུ་ལོག་ཡོང་བའི་རྒྱུ་རྐྱེན་དེའང་སྤྲིན་རྫུན་ལས་བྱུང་བ་ཡིན་སྲིད་པའི་རྒྱ་ནག་གཞུང་གིས་མདུན་དུ་ཐོན་ནས་གསལ་བཤད་བྱ་དགོས་ཟེར།
ད་དུང་༢༠༠༨ལོར་པེ་ཅིན་དུ་ཨོ་ལོ་སྦེང་ཚོགས་སྐབས་སུ་གནམ་གཤིས་ལྟ་དཔྱད་ཁང་གིས་པེ་ཅིན་ལ་ཆར་བ་ཡོད་པའི་སྔོན་བརྡ་བཏང་བ་རེད། སོང་ཙང་རྒྱ་གཞུང་གིས་གནམ་ལ་སྤྲིན་པ་གཏོར་བྱེད་ཀྱི་འཕྲུལ་ཆས་སྟོང་ཕྲག་བཏང་ནས་ཆར་བ་ཐམས་ཅད་པེ་ཅེན་གཡས་གཡོན་གྱི་ས་ཆ་གཞན་ཁག་ཏུ་དེད་དེ་བབས་ཆུགས་ཡོད་པ་རེད། ཁོང་ཚོས་དེ་ལྟར་མུ་མཐུད་ནས་བྱས་ན་མ་འོངས་པ་དཀའ་ངལ་མང་པོ་འཕྲད་སྲིད་པ་སོགས་ཀྱི་ཉེར་བརྡ་ཡང་བཏང་ཡོད་པ་རེད།
ད་ལོ་བོད་དང་རྒྱ་ནག་ནང་དུ་སྔོན་དང་མི་འདྲ་བ་ཆུ་ལོིག་མང་པོ་ཡོང་ཡག་དེ་ང་ཚོས་འབྱུང་བས་གནོད་པ་རེད་ཟེར་བཞིན་ཡོད། དེ་ཡང་མ་རེད་ཟེར་མི་ཤེས་ཀྱང་རྒྱ་གར་གྱིས་ཚན་རིག་པས་གསུངས་པར་ལྟ་ན་རྒྱ་གཞུང་གིས་སྤྲིན་པ་རྫུན་བཟོ་བྱེད་པའི་རྐྱེན་ཡང་ཡིན་སྲིད་པ་ཞིག་རེད་འདུག།