རྒྱལ་དར་ཕབ་ནས་མྱ་ངན་ཞུས་པ།
དེ་ཡང་རྒྱ་ནག་གཞུང་འབྲེལ་གྱིས་ཐག་གཅོད་བྱས་པ་བཞིན། ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང། སྲིད་འཛིན་ཟུར་པ་ཅཱང་ཙེ་མིན། སྲིད་བློན་ཝུན་ཅཱ་པའོ་སོགས་ཀྱིས་འབྲུག་ཆུའི་མི་མང་གི་ཆེད་དུ་མྱ་ངན་གུས་འདུད་ཞུས་པ་མ་ཟད། རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་ཕྱེད་ཙམ་ཕབ་ནས་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏཱ་ལའི་ཐང་ཆེན་གྱི་རྒྱལ་དར་ཡང་ཕྱེད་ཙམ་ཕབ་ནས་མྱ་ངན་ཞུས་པ་དང། འབྲུག་ཆུར་ཆུ་ལོག་གི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་སོང་བ་རྣམས་ལ་མེ་ཏོག་སོགས་ཕུལ་ནས་མྱ་ངན་བྱས་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཚང་མས་གཅིག་མཚུངས་ཀྱིས་རྒྱལ་དར་ཕབ་ནས་མྱ་ངན་བྱས་འདུག
ཐེངས་འདིའི་རྒྱལ་དར་ཕྱེད་ཙམ་ཕབ་ནས་མྱ་ངན་བྱས་པ་ནི་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད། ཐེངས་དང་པོ་ཕྱི་ལོ་༢༠༠༨ ཟླ་༥པའི་ཚེས་༡༢ ཉིན་ཟི་ཁྲོན་ཞིང་ཆེན་ཝུན་ཁྲོན་དུ་ས་ཡོམ་གྱི་གནོད་འཚེ་བྱུང་བའི་སྐབས་དང་། ཐེངས་གཉིས་པ་ལོ་འདིའི་ཟླ་༤ པའི་ཚེས་༡༤ ཉིན་ཡུལ་ཤུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་བའི་སྐབས། ཐེངས་གསུམ་པ་ཟླ་འདིའི་ཚེས་༨ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གནོད་འཚེ་བྱུང་བའི་སྐབས་བཅས་ནི་རྒྱ་ནག་གི་རྒྱལ་དར་ཕྱེད་ཙམ་ཕབ་པ་ཐེངས་གསུམ་པ་དེ་ཆགས་ཡོད་སྐོར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།
{jcomments on}