ཁྲིམས་དཔོན་ལགས་སུ།

དེ་བཞིན་གནས་འདིར་བཞུགས་པའི་ཁྲིམས་དཔོན་མཆོག་གིས་ཞུ་སྦྱོར་བའི་སྐད་ཆ་གང་ཡོད་ལ་རྒྱུ་མཚན་ལྡན་པའི་ལན་འདེབས་མེད་ཁར་རང་གི་བཤད་ཚད་དེ་ལ་རྒྱུ་མཚན་དང་དགོས་པ་ཡོད་ལུགས་བཤད་པ་ལས་་ཁུངས་ལུང་གང་ཡང་བརྗོད་ཡ་མེད་པས་ན། རང་ཉིད་ཆེ་རློམ་གྱིས་གཞན་ལ་དགེ་རྒན་ལྟར་བྱས་པ་ནི་གད་མོའི་གནས་སོ། མ་ཟད་རང་གི་ནོར་བ་ཁས་ལེན་ཙམ་ཡང་ཞོག ཉེས་པ་ཡོད་ཚད་གཞན་མགོ་ན་གཡོགས་པ་དེར། རང་གང་ཡིན་མཆོག་ཏུ་འཛིན་པའི་རྟགས་མཚན་ཞིག་རེད། ད་དུང་ཕན་ཐོགས་མེད་ཚེ་ཁྲིམས་ཁང་དེ་སྒོ་རྒྱག་རྒྱུ་ཡིན་ཚུལ་བཤད་འདུག་ན། དྲང་པོ་མིན་པའི་ཁྲིམས་དཔོན་ཞིག་གནས་འདིར་མི་མཁོ་ལ་སྒོ་རྒྱག་མིན་དེ་ཁྱོད་རང་གིས་འདོད་མོས་གྱིས་ཤིག ད་དུང་ཁྱོད་ཁྲིམས་དཔོན་ཡིན་སྣང་བྱེད་མཁན་ཞིག་གི་བསྒྲགས་ཡིག་ནང་གཤམ་གྱི་ཚིག་འདི་དག་ནོར་འདུག་པར་ཤེས་དགོས།

གནངས་་་་་་་་་་་་་་་་་་་་་་གནང་།

རྙིག་གྲ་་་་་་་་་་་་་་་་་་་་རྙོག་དྲ།

བསམ་ནས་་་་་་་་་་་་་་་་་་་་་་་་བསམས་ནས།