རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་འཇུ་བཟུང་བྱས་འདུག

ཚོད་དཔག་བྱས་པ་ལྟར་ན། ཁོང་གིས་བྲིས་པའི་《མི་ཡུལ་ལ་ཕུལ་བའི་སེམས་པ》 ཞེས་པའི་དཔེ་དེབ་དང་འབྲེལ་བ་ཡོད་པ་ཞིག་དང། དེ་བཞིན་《བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར》 གྲངས་༢༥༠༠ ལྷག་ཞིང་ཆེན་གསུམ་གྱི་ནང་ལ་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ཁོང་གིས་སྙན་ཞུའི་འོད་སྡེར་བཏོན་ནས་ད་བར་ལོ་གཅིག་ཙམ་རིང་རི་ལ་བྲོས་བྱོལ་གྱིས་འཚོ་བ་བསྐྱལ་དགོས་བྱུང་ཡོད་པ་རེད།

ཁོང་ནི་ཕྱི་ལོ་༡༩༨༠ ལོར་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་འཕེལ་དང། མ་སྐྱིད་རིས་གཉིས་ཀྱི་བུར་སྐྱེས་ཤིང། ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ནས་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱངས། རང་ལོ་༡༣ སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོ་བར་གྲྭ་ཚང་གི་འདོན་ཆོག་གིས་གཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་བྱས། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་༢༠༠༩ ལོར་སློབ་མཐར་ཕྱིན་ཡོད་པ་རེད།

ཁོང་གིས་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་རྒྱལ་ཞེན་གྱི་ལྷག་བསམ་དང། ལྟ་བ་དང་རང་གཤིས། བསམ་བློའི་གོ་རྟོགས་སོགས་ལ་འདི་ནས་འགྲེལ་བཤད་མི་དགོས་པར་ཁོང་གི་འོད་སྡེར་དེ་སྔོན་ཁྱབ་སྤེལ་བྱས་པའི་ནང་གསལ་བ་བཞིན་ནོ།།

{jcomments on}