དེང་སང་མ་ཧྭེ་འཚོ་མཁན་ཡན་ཆད་ནས་ཀྱང་སྤྱི་མཐུས་ལངས་རྒྱུར་འཚང་ཀར་རྒྱག་བཞིན་འདུག
ལྷག་པར་ང་བཀའ་ཁྲིར་ལང་གི་ཡིན་ཟེར་མཁན་དང་ང་སྤྱི་མཐུས་ལང་གི་ཡིན་ཟེར་མཁན་ཡང་ མང་པོ་ཞིག་དངོས་སུ་མཐོན་བཞིན་ཡོད། དེ་མ་ཟད་ཐབས་འཕྲུལ་འདྲ་མིན་སྣ་ཚོགས་སྤྱད་ནས་རང་ཉིད་ལ་བཀའ་སྤྱིའི་འོས་ཐོབ་ ཐབས་སུ་ལས་འགུལ་སྤེལ་མཁན་ཡང་གཏན་གཏན་ཡོད་ཐག་ཆོད་རེད། མི་དམངས་ཀྱིས་དེ་གཉིས་ལས་སུ་ཞིག་འོས་བླུག་དགོས་མིན་ད་ལྟ་བསམ་ཚུལ་དང་དོགས་པ་ གསར་པ་ཞིག་ཡོང་དང་ཡོང་བཞིན་འདུག ཕྱོགས་གཉིས་ཀར་གནས་ལུགས་རྒྱ་མཚན་ཡོད། མདུན་དུ་འཆོངས་ནས་དངས་བླང་སྒོ་ནས་་སྤྱི་ཚོགས་ཁྲོད་ང་ལང་གི་ཡིན་ཟེར་མཁན་ཚོ། དངོས་གནས་རླབས་ཆེན་རེད། དམངས་གཙོ་ལམ་ལུགས་ཡང་དག་པའི་ཕྱོགས་སུ་ཤར་བསྐྱོད་བྱས་མཁན་རེད། མ་ཟད་མི་དེ་རིགས་ལ་འགན་འཁུར་ཧ་ཅང་གི་ལྕི་པོ་ཞིག་ཡོད།
ཁོང་ཚོས་རང་ཉིད་དངས་བླངས་ཡིན་པ་དེ་ནམ་ཡང་བསུབ་ཐབས་མེད་པའི་འགན་ཁྲེལ་དང་པོ་ དེ་ཡིན། མ་ཟད་དངས་བླངས་བའི་རིགས་ཀྱིས་རང་གིས་འཇོན་ཚོད་ཀྱིས་ཆ་རྐྱེན་བཏོན་ཡོད་པས་དེ་ ཡང་ཁོང་གི་ལས་ཡུན་ཧྲེལ་པོའི་ནང་གི་ལས་འགན་ཞིག་ལོས་ཡིན། རྒྱབ་ནས་སྡོད་བཞིན་ལང་འདོད་ཡོད་མཁན་ཚོའི་ནང་ནས་ཀྱང་ཤེས་འཇོན་ལྷག་བསམ་ལྡན་ མང་པོར་ཡོད་རེད། འོན་ཀྱང་དེའི་ནང་ནས་བསམ་ཡུལ་འདས་པ་འགའ་ཤས་ཀྱང་མཐོན་ཡོང་གི་འདུག དཔེར་ན་གྲྭ་སའི་མ་ཧྭེ་འཚོ་མཁན་དེ་ཞིང་འབྲོག་གི་བརྒྱ་དཔོན་ལང་མྱོང་ཟེར་མཁན་ འགའ་ཤས་ཀྱང་གནའ་དེང་གི་ཤེས་ཡོན་དང་ཕྱི་ནང་གི་སྐད་ཡིག་གང་ལ་ཡང་འདི་ཤེས་ཟེར་ སྟན་རྒྱུ་མེད་མཁན། ད་དུང་ལྷག་བསམ་གྱི་ལག་རྗེས་གང་ཡང་བཞག་མ་མྱོང་བཞིན་དུ་ཡག་ཅིག་ཅིག་མར་གཉིས་ གཉིས་ཟེར་ནས་ལུང་པ་གང་བགྲང་ནས་སྤྱར་ཡིག་བཀྲམ་ཡོང་གིན་འདུག དེ་རིགས་ལ་ད་ནས་བོད་མི་ཚོས་ཧ་ཅང་གི་བརྟགས་དཔྱད་ནན་པོ་བྱེད་དགོས་པ་གལ་ཆེར་མཐོང་།
