ཁྱིམ་ཚང་ཆེན་པོ་གསུམདང་བཙན་བྱོལ་བོད་མིའི་ཆབ་སྲིད་ཅེས་་པའི་རྩོམ་ཡིག་དེ་ཡི་སྒུལ་ཤུགས།
ས་གནས་འདིར་གནས་ཚུལ་མགྱོགས་ཤོས་བང་ཆེན་གྱིས་འཁྱེར་ནས་ཡོང་གི་ཡོད་པས་མི་ཚོས་དགའ་མོས་ཆེ་ཤོས་ཀྱི་ཚགས་པར་ཡང་བང་ཆེན་རང་ཡིན།
ངས་ཀྱང་བང་ཆེན་གསར་ཤོག་གཅིག་ཉོས་ནས་ཀློག་ཁོམ་ཡང་མ་བྱུང་པར་ཉིས་ལྟེབ་བརྒྱབ་ནས་དཔེ་ཆའི་་གསེབ་ཏུ་བཅུག་ནས་དཔེ་ཆ་སྐྱོར་པར་སོང་། མི་མང་པོས་དཔེ་ཆ་ཡང་སྐྱོར་མཚམས་བཞག་ནས་ཅི་ཞིག་གླེང་བཞིན་སྒོར་སྒོར་བྱས་ནས་བསྡད་འདུག ངས་ཉེ་སར་བཅར་ནས་བལྟས་དུས་ཁོང་ཚོས་བང་ཆེན་ཐོག་གི་ཁྱིམ་ཚང་ཆེན་པོ་གསུམ་སྐོར་གྱི་རྩོམ་ཡིག་དེའི་སྐོར་གླེང་བཞིན་འདུག དེ་ནས་རིང་པོར་མ་ལོན་པར་གྲོགས་པོ་ཤེས་ཡོན་ཅན་གཉིས་ཀྱིས་ཁ་པར་སླེབས་ནས་དེའི་སྐོར་གླེང་གིན་འདུག ད་དུང་དེ་རིང་དགུང་མོར་ཟ་ཁང་དང་ཇ་ཁང་ནང་དུ་ཡང་གླེང་མོལ་ཆེ་ཤོས་དེའི་སྐོར་རེད་འདུག་ལ། མི་གཉིས་གསུམ་འཛོམས་ནས་སྐད་ཆ་གླེང་ན་ཡང་མང་ཆེ་བ་དེའི་སྐོར་རེད་འདུག་པ་་མ་ཟད། མི་མང་པོས་འོས་བསྡུ་ལ་ཉེ་བའི་སྐབས་དགོས་ངེས་ཀྱི་ཤེས་བྱ་མང་པོ་རག་སོང་ཟེར་གྱིན་འདུག
མི་མང་པོ་ཞིག་གིས་བཀའ་ཁྲི་འོས་ཁ་གཏད་ནས་ལངས་པ་ཙམ་གྱི་ཁ་གཏད་རང་ཡིན་པའི་བསམ་བློའི་ལྟ་ཚུལ་མཚོན་པའི་ལོག་བློ་མང་པོས་རྩོམ་ཡིག་དེས་བཤིག་པར་མིག་མཐོང་ལག་ཟིན་བྱུང་། ཚགས་པར་ཐོན་ནས་ཆུ་ཚོད་གཉིས་གསུམ་ཙམ་ལྷག་སོང་མེད་ན་ཡང་། དགོན་པའི་གླེང་འདིར་ས་ཡོམ་བརྒྱབ་པ་ལྟར་མི་མང་པོར་གཡོ་འགུལ་ཐེབས་འདུག
གང་ལྟར་ཡང་མི་ཚོའི་སྐད་ཆར་བལྟས་ནས་རྩོམ་ཡིག་འདིས་འདི་ལྟར་རྟོག་སད་བཟོས་འདུག ཁྱིམ་ཚང་གསུམ་པོས་བོད་གཞུང་བཟུང་སྟངས། བོད་གཞུང་ལ་ཞབས་ཕྱི་སྒྲུབ་སྟངས། སྤྱི་དངུལ་སྒེར་ཟས་སོགས་དང་། རྒྱལ་ཚོང་སོགས་ཀྱི་རྙོག་གླེང་།སྲིད་སྟེགས་ཀྱི་ཆེད་དུ་ཆབ་སྲིད་རྩེད་སྟངས་སོགས་རེད།
ནམ་རྒྱུན་དཔྱད་བརྗོད་པ་ཚོས་དཔྱད་པ་བཏང་པ་ལྟར་གཅིག་ཤོས་དགག་ནས་གཅིག་ཤོས་སྒྲུབ་པ་་མ་ཡིན་པར་དངོས་ཡོད་གནས་ཚུལ་གང་ཡོད་པ་དེ་ཐད་ཀར་གསལ་སྟོན་གནང་འདུག་པས་ཡི་རངས་དང་སླད་མར་ཡང་འདི་ལྟར་མང་ཙམ་སྤེལ་རོགས་ཞུ།
དེ་ཙམ་ཡིན་རྗེས་སུ་དེའི་སྐོར་ཅུང་རྒྱས་ཙམ་གླེང་རྒྱུན་ཡིན། དགུང་མོ་ཆུ་ཚོད་༡༡ ༤༨་ཐོག་གང་དྲན་ཤར་མར་སྤེལ།ཞུ་དག་ཙམ་བྱས་ཁོམ་མ་བྱུང་།