མདུན་ལམ་སློབ་སྟོན་གྱི་ལས་ཁུངས།

དེ་ཡང་དར་ཚོན་གཅོད་གཏུབ་དང་ཁ་དར་སྒྲོན་འབུལ་སོགས་ཐོག་མའི་མཛད་རིམ་གྲུབ་རྗེས། ས་གནས་གཞིས་འགོ་དང་སློབ་སྤྱི་གཉིས་ནས་རིམ་པས་གསུང་བཤད་གནང་དོན། ལྷོ་ཁུལ་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ལས་ཁུངས་གསར་པ་འདི་ནི་བོད་གཞུང་ཤེས་རིག་གི་ལམ་སྟོན་བཀའ་ཁྲོལ་འོག་གསར་བསྐྲུན་ལེགས་གྲུབ་བྱུང་བ་ཞིག་དང།  དེ་ཡང་ང་ཚོའི་མདུན་ལམ་སློབ་སྟོན་པའི་ངོས་ནས་སློབ་ཕྲུག་ཚོའི་ལས་སེམས་གཉིས་ཀར་དཀའ་ངལ་སེལ་ཐབས་ཀྱི་ལམ་སྟོན་སློབ་གསོ་ཙམ་མ་ཟད་ཤེས་ཡོན་དང་ཀུན་སྤྱོད་ཁུར་སྟངས་སོགས་ཀྱི་ཐད་ལ་ཡང་འགན་ཁུར་ཆེ་བཞེས་གནང་དང་གནང་མུས་དེར་བསྔགས་བརྗོད་དང་སླད་ཕྱིན་ཀྱང་སྐུ་ངལ་འཛེམས་མེད་ཐོག་སློབ་ཕྲུག་རྣམས་ལ་སྔར་ལྷག་ལམ་སྟོན་སློབ་གསོ་གནང་སྐྱོང་ཡོང་བའི་འབོད་སྐུལ་བྱས་སོང། དེ་བཞིན་འབྱུང་འགྱུར་སློབ་གྲྭ་དང་སློབ་ཕྲུག་མང་སའི་ལྷོ་ཁུལ་འདིར་རང་གཞུང་ཤེས་རིག་ཡན་ལག་ལས་ཁུངས་ཞིག་དངོས་སུ་བཙུགས་ཐུབ་པར་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་སོང་།
མོན་གྷོ་གསར་འགོད་པས།