ངས་སྤྱི་འཐུས་རྨི་ལམ་དུ་ཡང་རྨིས་མ་མྱོང་།ཏྲེ་ཧོར་དགེ་བཤེས་ཟླ་བ་ཚེ་རིང་།
སྤྱི་འཐུས་ཟེར་བ་དེ་ཆབ་སྲིད་དང་གཞུང་གི་ལས་དོན་སོགས་གང་ལ་ཡང་རྒྱུས་མངའ་ལྡན་ཞིང་།ཤེས་འཇོན་གཉིས་ལྡན་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་བྱེད་ཐུབ་མཁན་ཞིག་དགོས་ཚོད་ལས།ཕྲན་ལྟ་བུ་འཛམ་གླིང་གི་ཤེས་བྱ་སྤྱི་དང་།བོད་ཀྱི་ཆབ་སྲིད་འགྲོ་སྟངས་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་ཞིག་སྤྱི་འཐུས་སུ་འདེམས་ན་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་གནོད་པ་ལས་ཕན་པ་ཡོད་སྲིད་དམ།
ཕྲན་གྱིས་ད་བར་ནང་པའི་གཞུང་ལུགས་ཐོས་བསམ་སློབ་གཉེར་ཏོག་ཙམ་བྱས་ཁུལ་ལས་ཆབ་སྲིད་དང་འབྲེལ་བའི་ཤེས་བྱ་དང་ལས་རིགས་གང་ལ་ཡང་རྒྱུས་མངའ་མེད་པས།ཀུན་སློང་དཀར་ནག་གང་རུང་སྤྱད་ནས་འོས་མི་སྦྱར་འགྲེམས་བྱས་པ་དག་གི་འཛུབ་སྟོན་ལ་ཁ་མ་ཕྱོགས་པར་ཕྲན་དང་ཕྲན་ལྟ་བུ་ཆབ་སྲིད་ལ་གོ་རྟོགས་མེད་རིགས་རྣམས་སྤྱི་འཐུས་ཀྱི་འོས་མི་རུ་མ་འདེམས་རོགས་ཞུ་རྒྱུ་་དང་།
ངས་ད་བར་ཆོས་དང་མཐུན་པའི་གནས་ལུགས་དག་ལ་འཚོལ་ཞིབ་བྱ་བ་དང་དགེ་ཕྲུག་རྣམས་གཞུང་ཆེན་མཚན་ཉིད་རིགསས་པ་དཔེ་ཁྲིད་བྱས་ནས་ཁུ་སིམ་སིམ་མེར་བསྡད་པ་ལས་སྤྱི་འཐུས་ཤིག་རྨི་ལམ་ནང་ལ་ཡང་འཁོར་མྱོང་མེད་ལ། སྤྱི་འཐུས་ཀྱི་གོ་སར་འགྱིངས་འདོད་ཀྱང་མེད་པས་ཆོས་སྤྱན་མངའ་བའི་འཁྱེན་ལྡན་རྣམ་པས་གོང་གི་མིང་གཞུང་སྦྱར་འགྲེམས་བྱས་པ་དེས་ཀུན་སློང་ཚོན་མདོག་གང་རུང་གི་ཟློས་གར་ཡིན་པ་ལས་ཕྲན་དཔའ་ཁས་ལེན་བྱས་ན་འོས་ཀྱི་འགྲན་རྩོད་དེ་འཚངས་བ་་མིན་པར་དགོངས་མངའ་ཡོང་པར་ཞུ་ཞུ།
དགེ་བཤེས་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གིས་་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆོས་ཐོག་སྐབས་སུ་བྲིས་སྦྱར་ནས་རང་གི་དགེ་ཕྲུག་གི་དྲ་ངོས་ན་སྤལ་བ་དགེའོ།