དངོས་མིང་བཀོལ་ནས་ཁ་པར་ཐོ་འགོད་དགོས་པ།

བོད་ལྗོངས་ཆ་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཁ་པར་བེད་སྤྱོད་མཁན་གྱིས་དངོས་མིང་བཀོལ་ནས་ཐོ་འགོད་བྱེད་པའི་ལས་དོན་ལེགས་འགྲུབ་ཡོང་བ་དང་། རྒྱ་ཆེ་བའི་ཁ་པར་བེད་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ། རང་ལྗོངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་ཁྲིམས་སྲོལ》 དང་《ཁ་པར་བེད་སྤྱོད་མཁན་གྱིས་དངོས་མིང་བཀོལ་ནས་ཐོ་འགོད་བྱེད་པའི་ལས་དོན་གྱི་ཐབས་ཇུས》 གཉིས་གཞིར་བཞག་གིས་ཕྱི་ལོ་༢༠༡༠ ལོའི་ཟླ་༩ པའི་ཚེས་༡ ཉིན་ནས་བཟུང་། གསར་དུ་བྱུང་བའི་ཁ་པར་བེད་སྤྱོད་མཁན་གྱིས་དངོས་མིང་བཀོལ་ནས་ཐོ་འགོད་བྱེད་པ་དང་། དུས་མཚུངས་སུ་ཆ་འཕྲིན་ཆ་མི་ཚང་བ་དང་ཡང་མི་དག་པའི་བེད་སྤྱོད་མཁན་རྙིང་པ་དག་ལ་ཐོ་འགོད་ཁ་གསབ་བྱེད་རྒྱུ་རེད་ཅེས་སྤེལ་འདུག

མུ་མཐུད་སྤེལ་དོན། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རང་ལྗོངས་ཀྱིས་ཁ་པར་བེད་སྤྱོད་མཁན་གྱིས་དངོས་མིང་བཀོལ་ནས་ཐོ་འགོད་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཚར་བ་མ་ཟད། ལག་བསྟར་བྱེད་པའི་ཞིབ་ཕྲའི་འཆར་གཞི་གཏན་ཁེལ་བྱས་ཚར་ཡོད་སྐོར་བརྗོད་ཡོད་པ་རེད་འདུག །

{jcomments on}