བལ་ཡུལ་དུ་བོད་མི་གཉིས་འཛིན་བཟུང།

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། དེའི་སྐོར་བལ་ཡུལ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་རྒན་བཟང་པོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཁོང་གཉིས་འཛིན་བཟུང་བྱས་རྗེས་མཆོད་རྟེན་ཁུལ་གྱི་ཉེན་རྟོག་ལས་ཁུངས་ནང་དུ་ཉིན་དྲུག་རིང་བཀག་བྱེད་འཆར་ཡོད་ཀྱང། ཉིན་དྲུག་ཕྱིན་པའི་རྗེས་སུ་ཡང་བསྐྱར་ཉིན་ཤས་རིང་བཀག་ཉར་བྱེད་རྒྱུའི་ཆོག་མཆན་ཡོད་ལུགས་ཉེན་རྟོག་པས་བརྗོད་སོང་། ཉེན་རྟོག་པས་ཁོང་གཉིས་ཀྱིས་མང་གཙོའི་དུས་དྲན་ཉིན་རྒྱ་ནག་གི་རྒྱལ་དར་མེར་བསྲེག་གཏོང་རྩིས་ཡོད་པའི་དོགས་པ་དང། སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་འཛུགས་འོག་འཛིན་བྱས་པ་མ་ཟད། འཛིན་བཟུང་སྐབས་སུ་དཔང་རྟགས་ལྟ་བུར་བོད་ཀྱི་རྒྱལ་དར་གཅིག་དང། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁ་ཤས་ཉེན་རྟོག་པས་མཉམ་འཁྱེར་བྱས་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྤྱིར་དེང་སང་བལ་ཡུལ་ནང་དུ་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་འདུ་འཛོམས་བྱེད་པར་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་པ་དང། ད་ལོའི་བོད་ཀྱི་མང་གཙོའི་དུས་ཆེན་ཉིན་བོད་མི་ཚང་མ་མཉམ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་བྱེད་རྒྱུར་བཀག་འགོག་དང་དམ་དྲག་ནན་པོ་བྱས་ཡོད་པ་རེད།།

{jcomments on}