སྤྱི་འཐུས་ཀྱི་ས་མིག་སྤར་འཆར་དང་ཆོལ་ཁ་ག་གེ་མོའི་ཞིག་གི་འཐོབ་ཐང་དང་གནད་དོན་གླེང་བ།
གྲོས་ཚོགས་ཚོགས་དུས་བཅུ་པ་ཐོག་གཏན་འབེབས་གནང་བའི་ཡོ་རོབ་ཁུལ་དུ་སྤྱི་འཐུས་ཀྱི་ས་མིག་ལ་རྒྱབ་སྐྱོར་མ་འཐོབ་ཀྱང་བྱང་ཨ་རིར་སྤྱི་འཐུས་གཅིག་སྤར་འཆར་གནང་བར་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་འདུག གནས་ཚུལ་དེ་སྤྱི་ཚོགས་ཐོག་ཕྱིར་གྲགས་མ་ཐག་ནས་མི་ཚང་མས་འགྲེལ་བཤད་རེ་རྒྱག་བཞིན་འདུག ཁག་ཅིག་གིས་ཚོགས་དུས་སྔོན་མའི་སྐབས་གྲོས་འཆར་དེར་བོན་པོའི་སྤྱི་འཐུས་ཀྱིས་དགག་པ་རྒྱབ་ནས་་ཨ་རིར་སྤྱི་འཐུས་རྐུག་སྟེགས་མ་རག་པ་བཟོས་སོང་ཡིན་ནའང་དེ་རིང་སླར་ཡང་ཨུ་ཚུགས་བྱེད་ན་ཨ་མས་ཤིག་པའི་དཔེར་ལྟ་བྱས་ནས་རྒྱབ་སྐྱོར་ཐོབ་པར་སྤྱི་འཐུས་རྣམ་པས་དགོངས་པ་ཡག་པོ་བཞེས་གནང་འདུག་ཟེར་ནས་རྗེས་སུ་ཡིད་རང་ཞུ་མཁན་ཡང་ཡོད་ཚོད་འདུག་།ཡང་ཁག་ཅིག་གིས་གྲོས་ཆོད་དེ་ནི་ཆོལ་ཁ་ག་གེ་མོ་ཞིག་ལ་སྤྱི་འཐུས་གཅིག་དམིགས་གསལ་ཐོབ་ཐང་སྤྲད་པ་དང་གཅིག་མཚུངས་རེད་འདུག་ཟེར་ནས་མི་འདོད་པའི་རྣམ་པ་ཡང་སྟོན་བཞིན་འདུག་མདོར་ན་ས་གནས་མི་འབོར་ལ་གཞིགས་ནས་སྤྱི་འཐུས་དགོས་ཟེར་བ་དང་ཕྱི་རྒྱ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་གྲངས་འབོར་སྤར་དགོས་གསུང་པ་དེ་དག་རྒྱབ་ལྗོངས་ལ་ཆབ་སྲིད་དང་ཕྱོགས་འཐེན་གྱི་རྣམ་པ་གསལ་པོ་མངོན་བཞིན་འདུག་པ་མ་ཟད་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་ཟེར་བ་དེ་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གྲལ་དུ་ཁམས་རིགས་མང་བའི་རྒྱུ་མཚན་དངོས་སུ་མ་བཀོད་ཀྱང་དོན་ཐོག་དེར་ཡིད་མ་རང་ནས་སྔོན་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་དང་ལས་འགུལ་སྤེལ་བཞིན་འདུག་དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན་དེ་རིང་སྤྱི་འཐུས་སྤར་འཆར་དེར་ཆོལ་ཁ་གཉིས་ལ་མོས་མཐུན་གཏན་ནས་མེད་པ་མ་ཟད་དེ་ལྟ་བུ་ལམ་ལྷོང་མང་དུ་བྱུང་ཚེ་ས་གནས་ས་ཐོག་ཏུ་མི་འབོར་ལ་གཞིགས་པའི་སྤྱི་འཐུས་བཟོ་འཆར་དེ་ཡང་ལམ་འགྲོ་རྒྱུག་སྲིད་པའི་དོགས་པ་ཡང་འདུག་ད་དུང་དེ་ཡང་ལམ་འགྲོ་རྒྱུགས་ཚེ་ཆོལ་ཁ་གཞན་གཉིས་ཀྱི་གཞིས་བྱེས་གཉིས་ཀྱི་ཆོལ་ཁའི་སྐུ་ཚབ་གཏན་ནས་མཚོན་མི་ཐུབ་པ་མ་ཟད་ད་དུང་སྟག་འཚེར་རིན་པོ་ཆེས་གསུངས་པ་བཞིན་བོད་གཞུང་ཁྱིམ་ཚང་ཆེན་མོ་གསུམ་རེད་ཟེར་བ་བཞིན་སྐབས་དེར་བོད་གཞུང་དེར་དབུས་གཙང་གཞུང་ཟེར་རྒྱུ་ལས་བོད་མི་ས་ཡ་དྲུག་གི་སྲིད་གཞུང་ཟེར་ས་ཞིག་ལྷག་མེད་པར་ལྟ་བུ་རེད། ཁག་ཅིག་གིས་ས་གནས་ཀྱི་མི་འབོར་ལ་གཞིགས་ནས་སྤྱི་འཐུས་བཟོ་འཆར་ལ་སྐུ་ངོ་ཟླ་བ་ཚེ་རིང་ཁྱེད་རང་གིས་ཤུགས་རྒྱག་ནས་གྲོས་ཚོགས་ནང་གྲོས་འཆར་འབུལ་དགོས་ལུགས་སོགས་རྒྱུད་སྐུལ་ཡང་བྱེད་བཞིན་འདུག་དེ་འདྲ་ཞིག་བྱུང་ཚེ་ང་ཚོས་ཁྱེད་ཚོའི་རྒྱབ་ལ་རི་ལྟར་བརྟན་ལ་རྡོ་ལྟར་རླིང་བ་བཞུགས་ཡོད་པར་མ་ཟད་དེ་རིང་ཁྱེད་ཀྱིས་འཇོན་འདུག་ཅིག་སྤྱི་འཐུས་སྤར་འཆར་དེར་དགའ་བསུ་ཞུ་མཁན་ཡང་ཡོད་ཚོད་འདུག།གནས་ཚུལ་འདི་འདྲའི་རིགས་མཐོང་ཚེ་ཆོལ་གསུམ་ཕ་མ་དང་སྤུན་ཟླ་ཡིན་ཟེར་བའི་ཚིག་སྐམ་པོ་ཙམ་ལས་དོན་ངོ་མ་ཐོག་ནས་ཡོང་ཐབས་མེད་པ་ལྟ་བུ་མངོན་གྱི་འདུག་དེ་བརྟན་དྲྭ་གྲོགས་རྣམ་པས་ཞིབ་གཟིགས་ཐེངས་གཅིག་གནང་རོགས་གནོངས།