ཞེ་དགུའི་བསྔོ་སྨོན་ཆེན་མོ།
སྐབས་དེར་ཀིརྟི་གྲྭ་ཚང་གི་དགེ་འདུན་པ་གཙོ་བོར་གྱུར་པའི་དྷ་སའི་ཉེ་འཁོར་གྱི་དགེ་འདུན་པ་དང་བཙུན་མ་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཙོས་པའི་སྤྱི་འཐུས་ཁག་གཅིག དྷ་སའི་མི་མང་བཅས་ཁྱོན་མི་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞེ་དགུའི་བསྔོ་སྨོན་དུ་ཕེབས་ཡོད་པ་རེད། མདོ་སྨད་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་དོན་རྐྱེན་འོག་ནས་བོད་མི་དང་དེ་མིན་གྱི་མི་མང་པོ་རྐྱེན་ལམ་དུ་སོང་ཡོད་པ་དང། དེ་བཞིན་ཉེ་དུས་ཨ་མདོ་རེབ་གོང་ཁུལ་དུ་ཆུ་ལོག་བྱུང་ནས། མི་མང་པོར་རྨས་སྐྱོན་བྱུང་ཡོད་པ་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བ་བཅས་ཀྱི་ཆེད་དུ། ཞལ་འདེབས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།