སྐུ་དྲག་དང་ཞེད་སྣང་གི་ལེའུ།
ང་ཞེད་ས་སྐུ་དྲག་རྒྱུད་པ་ཡིན།།
རྒྱུ་ནོམ་ཆེན་དབང་ཤེད་བྱས་ནས་གཟའ།།
དམངས་མི་སེར་བཙན་དབང་བྱས་ནས་དེད།།
མཐོ་རྒྱལ་པོ་མགོ་སྐོར་བྱས་ནས་བསླུ།།
ང་ཞེད་ས་སྐུ་དྲག་རྒྱུད་པ་ཡིན།།
སྨན་བུ་མོ་རང་དབང་མེད་པ་འཛག།
སྟག་ཤར་ལུ་མགོ་དང་མིག་ཀྱང་འབྲེག།
སྡེ་རྒྱ་རོང་ཁྲལ་དང་འུ་ལག་དེད།།
ང་ཞེད་ས་སྐུ་དྲག་རྒྱུད་པ་ཡིན།།
བོད་རང་བཙན་སྐུ་དྲག་རྒྱུད་པས་བརླག།
ཆང་བུད་མེད་ཡི་དམ་བཞིན་དུ་བསྟེན།།
དགོན་ཁྲ་མོ་ཁྲག་མཚོ་བཞིན་དུ་དཀྲུག།