པར་རིས་ཅན་གྱི་༧གོང་ས་མཆོག་གི་མཛད་རྣམ།

ད་ཆ་དཔེ་དེབ་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཔེ་སྐྲུན་ཁང་གྲགས་ཅན་དང་ཆེ་ཤོས་ཀྱི་གྲས་པེན་གུན་(Penguin)ཅེས་པ་དེའི་ནང་པར་སྐྲུན་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། དཔེ་དེབ་དེ་ཕྱི་ཟླ་༩ ཚེས་༢༨ ཉིན་འཛམ་གླིང་གི་དཔེ་དེབ་ཚོང་ཁང་ཁག་ཏུ་ཡོངས་ཁྱབ་སྤུས་ཚོང་ཆེད་འདོན་སྤེལ་གནང་རྒྱུ་ཡིན་འདུག

dalailama_cartonདཔེ་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༣༥ ལོར་བོད་ཤར་ཕྱོགས་མདོ་སྨད་དུ་སྐུ་བལྟམས་པ་དང་། ཡང་སྲིད་བཙལ་རྙེད་བྱུང་སྟངས། དེ་བཞིན་༧གོང་ས་མཆོག་གིས་ཆོས་སྲིད་ཐུགས་འགན་བཞེས་ཕྱོགས། གཞན་ཡང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་སྐོར། ཕྱོགས་མཚུངས་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་སྐུ་ལས་བསྐྱོན་སྐོར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་སོགས་ཀྱི་མཛད་འཕྲིན་རྣམས་དཔེ་དེབ་ནང་རི་མོའི་ལམ་ནས་གསལ་སྟོན་གནང་ཡོད་པ་རེད། ཤོག་གྲངས་༢༠༨ ཅན་གྱི་དཔེ་དེབ་དེ་དབྱིན་སྐད་ནང་པར་སྐྲུན་བྱས་པ་ཐོག་མ་ཡིན་པ་མ་ཟད། རིན་གོང་ཡང་ཨ་སྒོར་༡༥ བྱས་ནས་སྤུས་ཚོང་བྱེད་རྒྱུ་ཡིན་འདུག དཔེ་དེབ་དེ་ཡང་བོད་སྐད་ཐོག་ཕབ་སྒྱུར་ཟིན་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱས་བསྡུས་ཁག་གཉིས་འདོན་སྤེལ་བྱས་ཡོད་འདུག དེ་བཞིན་འཛམ་གླིང་གི་སྐད་རིགས་གཞན་དག་ནང་དུའང་འདོན་སྤེལ་གནང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}