འོས་བསྡུ་ལ་འཕོག་པའི་རྨས་སྐྱོན།
སྤྱིར་འོས་ཤོག་ཉོ་བ་དང་སློང་བ་་ད་དུང་དབང་གཤེད་ཀྱིས་འོས་འཕྲོག་སོགས་འཛམ་གླིང་གང་ན་འོང་བཞིན་ཡོད། དྲ་གྲོགས་བྲག་འགོ་དཀོན་མཆོག་ལགས་ཀྱིས་དེ་རིང་སྤེལ་པའི་ཟིན་བྲིས་ལ་བལྟས་ན་ང་ཚོའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་འོག་ གནས་པའི་ཚོགས་སྡེ་ཁག་ལ་རྒྱུ་དངོས་དབང་གསུམ་གྱིས་འོས་བསྡུ་ལ་གནོན་ཤུགས་ཡོང་ གི་ཡོད་ཚོད་འདུགབཙན་གཤེད་དང་དབང་ཤུགས་འོག་གི་འོས་བསྡུ་དེ་མེ་མདའ་ཁ་འོག་གི་ འོས་བསྡུ་བ་དང་གཅིག་མཚུངས་རེད་ལ།སྟོན་པ་༧གོང་ས་མཆོག་གིས་དུས་རྟག་ཏུ་བཙན་བྱོལ་ཁྲོད་མང་གཙོ་འཚར་ལོངས་བྱ་དགོས་གསུང་པ་ཡང་།དོན་དམ་པའི་མང་གཙོ་ཡི་གོ་རིམ་ཞིག་བརྒྱུད་དགོས་པ་བསྟན་ཡོད་ལ།ཕྱི་ཚུལ་དང་བཅོས་མའི་འོས་འདེམས་ཀྱི་བྱ་སྟངས་དེ་ད་དུང་མང་གཙོ་དང་ཁ་ཐག་རིང་པའི་གོམ་བགྲོད་ཞིག་ཡིན་པ་ཡང་བསྟན་ཡོད།
འོན་ཀྱང་འོས་འཕེན་མཁན་རྣམས་ཀྱིས་སྒེར་གཅོད་པའི་དབང་ཤུགས་ལ་མགོ་མ་སྒུར་པར་རང་ཉིད་ཀྱིས་བསམ་བློ་ཡོད་ཚད་དཀྲུགས་ནས་གང་ལ་འོས་འཛུགས་བྱ་སའི་མི་དེ་ཡིས་གོ་ས་ལ་དཔག་པའི་བྱ་བ་སྒྲུབ་ཐུབ་མིན་ལ་བལྟས་ནས་རང་དབང་ཐོག་འོས་འཕེན་དགོས་པར་གལ་ ཆེན་རེད་སྙམ།
དབང་ ཤུགས་དང་བཙན་ཤེད་ཀྱིས་འོས་འཕེན་པའི་ལམ་ལུགས་དེ་སྤྱི་སྒེར་མང་པོར་གྱོང་ སྤྲོད་པ་མ་ཟད།བོད་བསྟན་པ་ཆབ་སྲིད་ཡོད་ཚད་ཀྱི་བཀག་རྡོ་རེད།ཆེན་པོ་སླད་དུ་ ཆུང་ངུ་བློས་བཏང་ནས་གོང་རིམ་གྱི་ལས་བྱེད་རྣམས་ཀྱིས་རང་ཉིད་དབང་གཤེད་དང་བཙན་ གཤེད་དེ་གནས་སྐབས་རིང་སློད་དགོས་པ་ཡང་འདོད།
ད་ནས་སང་ཉིན་འོས་འདེམས་ཀྱི་དུས་ཚོད་དངོས་གཞི་རེད་ལ།འོས་འཕེན་མཁན་ཚོས་ དབང་ཤུགས་དང་རྒྱ་ཤུགས་གང་གི་དབང་དུ་མ་སོང་པར་རང་ཉིད་ཀྱིས་སྔར་ནས་གྲ་ བསྒྲིགས་ཟིན་པའི་འོས་མི་དག་ལ་འོས་འཕེན་དགོས། དོན་དམ་པའི་མང་གཙོ་རྒྱལ་ལོ། དོན་དམ་པའི་འོས་བསྡུ་རྒྱལ་ལོ།
བྲག་འགོ་དཀོན་མཆོག་གིས་བཙན་གཤེད་ཀྱི་འོས་བསྡུའི་དངོས་མྱངས་འདི་ན་འདུག
http://www.shambalapost.com/blog/viewpost/3783