༧གོང་ས་མཆོག་གི་མཛད་འཕྲིན།
འདི་ཟླའི་ཚེས་༡༠ཉིན་རྒྱ་གར་ལྷོགས་ཕྱོགས་པུ་ནེ་གྲོང་ཁྱེར་ན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ མཆོག་གོ་ལ་གཅིག་གྱུར་གྱི་ཞི་བདེའི་སྐོར་བགྲོ་གླེང་ཞིག་གི་ཚོགས་མགོན་དུ་ཕེབས་ཤིང་མི་སྣ་གལ་ཆེ་ཁག་ལ་ཕྱག་ཁྱེར་སྩལ་བ་དང་། ལམ་སྟོན་བཀའ་སློབ་ཟབ་མོ་སོགས་གནང་བར་ཚོགས་མི་སྟོང་ཕྲག་མང་པོས་དགའ་བསུའི་ཐལ་སྒྲ་འབྲུག་སྟོང་ལྡིར་བ་ལྟར་བྱས་འདུག །
