༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཞུ་དམར་འོག་གི་མགྱོགས་བྲིས།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

དྲག་འགུལ་དབེན་པའི་དབྱར་གྱི་མཚན་མོའི་སྨག་རུམ་ཁྲོད།།

ཕྱག་སོར་འདབ་མས་ལྕགས་སྨྱུག་གཟུང་བཞིན་བྲིས་སུ་འབུངས།།

ཞུ་མའི་མེ་ལྕེ་དམར་མོ་ལྷབ་ལྷུབ་གཡོ་དང་ལྷན།།

ནམ་ཕྱེད་ཟིན་པའི་དུས་ཀྱི་ལྕོང་བརྡ་གཞི་ནས་ཐོས།།

 

 

དུས་ཀྱི་ཕོ་ཉས་ནམ་ཕྱེད་ཟིན་པའི་བརྡ་སྟོན་ཡང་།།

སེམས་ཚོར་དམར་པོ་རུམ་དུ་ཉལ་བར་མི་ནུས་པས། །

མུ་མཐད་ལྕགས་སྨྱུག་དག་གི་བྲོ་གར་འཁྲབ་འགོ་བརྩམས།།

དེ་ཡི་འཁྲབ་སྟོན་པ་སྟེ་ཅི་ཡང་མེད་པའི་ང་།།