ཆང་ཕོར་དེ་ང་ལ་སྤྲོད་དང་།

 

ངས་སྔ་མོ་ནས་གླུ་ཞིག་བླངས་ཡོད་ངེས་ཡིན་ལ

སུས་ཀྱང་གོ་ན་མི་འདོད་པའི་གཏམ་རྒྱུད་ཅིག

བསམ་བློ་གཏོང་འདོད་མེད་ཐག་ཆད་ཀྱང་ཆོག་པ་ཞིག

གང་ལྟར། དུས་ཚོད་ནི་ཧ་ཅང་འགྱུར་སླ་བས

ཆང་ཕོར་དེ་ཡི་ཆེད་དུང་མ་བཟི་གོང་དེར

འཐུང་མཁན་དེ་ནི་ཁྱེད་རང་གྱུར་བ་རེད

བཟི་བོ་ནི་སྙན་ངག་གི་གྲོང་ཚོ་ཡིན

སྐད་ཆ་ཚང་མ་སྐྱིད་པོ་རྐྱང་རྐྱང་ཡིན

ཏག་ཏག་ལ ཁྱེད་ཀྱི་ཚབ་དུ་ངས་ཆང་ཕོར་བཀང་བཏེགས་ནས

རྨི་ལམ་ཁྲོད་ཀྱི་ཞིང་ཁམས་ཤིག་ཉུལ་ཞོར་ཏུ

སྙིང་ཉེ་བའི་སྐད་ཆ་ལྷོད་པོ་ཞིག

གཤིས་དྲངས་པའི་རང་གཤིས་བརྟན་པའི་ཡིད་དུ་འོང་བའི་ཁྱེད་ལ

ཁ་དང་ཁོག་པ་མེད་པའི་སྙིང་གཏམ་དྲོན་མོ་ཞིག

ཆང་འཐུང་ཟིན་པའི་ཁྱེད་རང་གིས

ངའི་སེམས་པ་ཤེས་ཡོད་ན

ཆང་ཕོར་དེ་ག་ལེར་ང་ལ་སྤྲོད་སྲིད

དོ་ནུབ་ང་བཟི་སོང་ན་འདོད

དོ་ནུབ་ང་གཏན་ནས་བཟི་སོང་ན་རེད

དྲན་པ་འཐོར་བའི་ལོ་ངོ་དུ་མའི་གོང་གི་མི་དེ་བཞིན

བསམ་བློ་གཏོང་འདོད་མེད་པའི་སྲང་བར་གྱི་འཁྱམ་པོ་ལྟར

འགན་འཁུར་མི་ཤེས་པའི་ན་ནིང་གི་ཕ་རྒན་དེ་ཡི་བྱ་སྤྱོད་བཞིན

སྲང་བར་དུ་ལུས་པོ་ཁྲོམ་རྫས་སུ་བཞག་པའི་བུད་མེད་ལྟར

ཉོ་ལ་བྲེལ་བའི་ཕོ་ཧྲེང་མཇེ་སྐམ་ཁ་ཤོམ་རྒྱགས་མཁན་བཞིན

གནའ་བོའི་རི་གྲོང་གི་ཁྱི་རྒན་ལོ་ལོན་ལྟར

ང་བཟི་རུ་བཅུགས

གཏན་ནས་བཟི་སོང་ན

དངོས་ནས་བཟི་བོ་སྐྱིད་ལ

བཟི་བོ་ཉོག་དྲའི་རྩ་བ་ཡིན་པ་བདེན་ནམ་ཅི