༼ འགྲོ་བ་མིའི་རིགས་བྱུང་རིམ་སྐོར་ ༽
རང་གི་རྩིབ་མ་ཞིག་བཀོག་པ་དེ་ཤ་བ་ཟེར་བའི་བུད་མེད་ཅིག་ཏུ་གྱུར་བ་དེ་གཉིས་འདུས་པ་ལས་འགྲོ་བ་མིའི་འཽེལ་རིམ་ཐིག་མ་འགོ་ཚུག་པ་བཤད་། རྒྱ་ནག་གནའ་བོའི་ལོ་རྒྱུས་སྨྲ་བ་ཚོས་། འཇིག་རྟེན་འདིར་ཉུད་བ་སེ་ཞེས་པའི་ལྷ་མོ་ཞིག་་་་རང་ཉིད་གཅིག་པུར་སྡོད་པར་སུན་ནས་། འཇིམ་འདམ་གྱི་མིའི་གཟུགས་བརྙེན་འགའ་ཞིག་བཟོས་པར་ཕུ་བཏབ་པས་མི་གསོན་པོ་ཆགས་པ་དེ་ནས་གཟུངས་འཇིག་རྟེན་འདིར་མིའི་འགྲོ་བ་བྱུང་བའི་འགོ་ཚུགས་པ་འདོད་། གངས་ཅན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོ་ཡང་། ཕལ་ཆེར་བས་མགྲིན་དབྱངས་གཅིག་གྱུར་གྱིས་ཕ་སྤྲེའུ་བྱང་ཅུབ་སེམས་དཔའ་དང་། ་མ་བྲག་སྲེན་མོ་གཉིས་འདིས་པ་ལས་རིགས་དྲུག་ལས་ཆད་པའི་ཕྲུ་གུ་དྲུག་བྱུང་། དེ་ལ་བོད་ཀྱི་མིའུ་གདུང་དྲུག་ཟེར་བ་དང་། གོང་གི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་པའང་འཕགས་པ་སྤྱིན་རས་གཟིགས་ཀྱི་སྤྲུལ་པའི་སྤྲེའུ་དགེ་བསྙན་ཆེན་པོ་དང། བྲག་སྲེན་མོ་ཡང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་ཞིང་། དེ་གཉིས་རི་བོ་པོ་ཏ་ལ་ལ་བཞུགས་པའི་འཕགས་མཆོག་སྤྱིན་རས་གཟིགས་ཀྱི་བཀའ་ཡིས་གནང་བ་ལྟར་། གངས་ཅན་ཁ་བའི་ཞིང་དུ་མིའི་འགྲོ་བ་འཕེལ་རྒྱས་སུ་བཏང་བ་མང་དུ་འདོད་པ་སྣང་ངོ།། དགེའོ
