ལད་པོ་ང་། འདི་འདྲ་རེད།

 

བདག་མེད་སྤྲང་ཁྱི་བཞིན་དུ་སྲང་ལམ་དུ་ཉུལ་ནས།།

མཐོ་དམན་བར་གསུམ་ཀུན་གྱི་སྙིང་རྗེ་ཞིག་ཉོས་དེ།།

རིན་མེད་བདེ་བ་ཆེན་པོའི་གོ་ས་ཞིག་སྙེགས་པའི།།

མི་ལད་ང་ཡི་དགའ་བའི་སྒྱིད་ལུག་དེ་སྐྱོང་རན།།

བརྩད་དེ་རང་བཙན་ཟེར་བའི་རང་ས་ཞིག་མི་རེག།

སྒྲུབ་ནས་དབུ་མ་རྟོགས་པའི་ཧུར་བརྩོན་རང་མི་འདུག།

རང་ཐག་རང་གིས་གཅོད་པའི་འདུ་ཤེས་དེ་བོར་འདུག།

ད་ནི་ང་ཉིད་མེས་པོའི་རྐང་འདྲེན་རང་ཆག་རན།།

རི་རབ་ཁང་ཁྱིམ་བརྫིག་པོ་ཞེ་ཆགས་ཤིག་མ་བྱུང་།།

སྙན་གྲགས་འབྲུག་སྟོང་བསྡུར་བའི་བསྐལ་བ་རང་མི་འདོད།།

མཁས་བརྫུ་བག་ལ་ཉལ་བའི་གོམས་གཤིས་རང་མ་བསླབས།།

ལག་སྟོང་མཆན་དུ་བཙུར་ནས་གཞན་ཡུལ་ནས་རྒས་རན།།