འཛམ་གླིང་ནང་ཞི་བདེ་ཡོང་རྒྱུའི་འོས་འགན་དེ་ཁྱེད་ཚོར་ཡོད།
ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོགས་ཀྱིས་གདན་ཞུ་གནང་བ་བཞིན། ཨིན་ཊེ་སི་ཚོགས་ཁང་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ཁག་༢༩ ཙམ་གྱི་གཞོན་སྐྱེས་གཙོ་བོར་གྱུར་པའི་མང་ཚོགས་གྲངས་༥༠༠༠ ཙམ་ལ་ཞི་བའི་ལམ་སྟོན་གྱི་བཀའ་སློབ་བསྩལ་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ངོས་རང་གཞོན་སྐྱེས་ཚོ་དང་ཐུག་འཕྲད་བྱ་རྒྱུ་བྱུང་བར་དགའ་སྤོབས་ཧ་ཅང་ཆེན་པོ་བྱུང་། ད་ལྟ་དུས་རབས་༢༡ བསླེབས་ཡོད། ངོས་རང་ནི་དུས་རབས་༢༠ པའི་མི་ཞིག་ཆགས་ཡོད། གཞོན་སྐྱེས་ཁྱེད་རང་ཚོ་དུས་རབས་༢༡ གི་མི་རེད། དུས་རབས་༢༡ ནས་ལོ་༡༠ ཙམ་ཕྱིན་ཟིན་ཡང་ད་དུང་ལོ་༩༠ ཙམ་ལྷག་ཡོད། དུས་རབས་༢༡ པ་འདིར་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུའི་འོས་འགན་དེ་ཁྱེད་ཚོར་ཡོད། འཛམ་གླིང་འདིར་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བྱུང་ན་བསམ་པའི་ཀུན་སློང་འཁྱེར་བ་ཙམ་གྱིས་འདང་གི་ཡོད་པ་མ་རེད་ཅེས་དང།
འཕྲུལ་ཆས་དང་ཚན་རིག་གིས་ཞི་བདེ་བསྐྲུན་མི་ཐུབ། སེམས་ཀྱི་ཞི་བདེ་དེ་སེམས་ཚོར་དང་བསམ་བློའི་ཐོག་ནས་ཡོང་དགོས། དུས་རབས་༢༠ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་མགྱོགས་པོ་ཕྱིན་ཡོད། འདས་པའི་ལོ་ངོ་སྟོང་ཙམ་སྔོན་ནས་མི་རྣམས་རང་གི་མངོན་འདོད་སྒྲུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཙམ་ཡིན། ད་ཆ་ཚན་རིག་ལ་བརྟེན་ནས་རང་གི་མངོན་འདོད་རྣམས་སྒྲུབ་ཐུབ་ཀྱི་ཡོད། དུས་རབས་འདི་གང་འདྲ་ཆགས་མིན་དེ་ཁྱེད་ཚོར་རག་ལས་ཡོད། འདུན་པ་ཡོད་པ་དང་སྨོན་ལམ་བརྒྱབ་སྟེ་འཛམ་གླིང་ཞི་བདེ་བསྐྲུན་མི་ཐུབ། འཛམ་གླིང་ཞི་བདེ་ཡོང་བར་དངོས་སུ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ལག་ལེན་བསྟར་དགོས། ཞི་བདེ་ཟེར་བ་དེ་རྙོག་གྲ་མེད་པའི་དོན་མིན། ཇི་སྲིད་མིའི་རྣམ་དཔྱོད་ཡོད་པ་དེ་སྲིད་དུ་བསམ་ཚུལ་མི་མཐུན་པ་དང་རྙོག་གྲ་ཡོང་གི་ཡོད། སེམས་ཅན་བྱ་བྱིའུ་ཚུན་ཆད་ཀྱིས་ཀྱང་འཚེ་བའི་ལས་བྱེད་ཀྱི་ཡོད་ཀྱང་དེ་ཙམ་ཚབས་ཆེན་པོ་བྱེད་ཐུབ་ཀྱི་མེད། བསམ་ཚུལ་དང་རྙོག་གྲ་དེ་དག་གྲོས་མོལ་དང་འཚེ་བ་མེད་པའི་ལམ་ནས་སེལ་དགོས། ཉི་ཧོང་པ་ཁྱེད་རང་ཚོར་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆའི་འོག་དཀའ་སྡུག་ཚད་མེད་མྱངས་ཡོད་པར་བརྟེན་ཁྱེད་ཚོར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ནུས་པ་ཡོད། ཞི་བདེ་ཟེར་བ་དེ་ཁྲོམ་ནས་ཉོ་མི་ཐུབ། འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཟེར་ནས་མ་ཎི་བགྲང་བ་ཡིན་ནའང་འཛམ་གླིང་ཞི་བདེ་ཡོང་ཐབས་མེད་ཅེས་དང།
ཚན་རིག་པ་ཚོས་ད་ཆ་སེམས་ཚོར་དང་བསམ་བློའི་རྣམ་གཞག་ལ་དོ་སྣང་བྱེད་འགོ་བཙུགས་ཏེ་སེམས་དང། སེམས་ཚོར་ཟེར་བ་དེ་གང་འདྲ་རེད། མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ལྡོག་ཐབས་གང་འདྲ་བྱེད་དགོས་པ་སོགས་ཀྱི་གནས་སྟངས་དེར་དམིགས་བསལ་གྱིས་དོ་སྣང་བྱེད་འགོ་བཙུགས་ཡོད། ཁོང་ཚོས་ཆོས་ཀྱི་བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱས་པ་ཞིག་མིན། ཉེ་ལམ་ངོས་རང་ཨ་རིར་བསྐྱོད་སྐབས་སི་ཊན་ཧྥོར་ཌི་དང་ཝི་སི་ཁོན་སིན། ཨི་མོ་རི་བཅས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གསུམ་ཙམ་གྱི་ནང་སེམས་ཚོར་གྱི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་བྱེད་འགོ་བཙུགས་ཡོད་པ་མ་ཟད། གཙུག་ལག་སློབ་གྲྭ་སོ་སོའི་སློབ་ཚན་གྱི་ནང་དུ་སེམས་ལ་སྦྱོང་བརྡར་སྤྲད་དེ་སེམས་ནང་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་།
  ཉི་ཧོང་པ་གཞོན་སྐྱེས་ཁྱེད་རང་ཚོས་དབྱིན་ཇི་སྐད་ལ་དོ་སྣང་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག སྤྱིིར་ངོས་ཀྱིས་དབྱིན་སྐད་ཡག་པོ་རང་ཤེས་ཀྱི་མེད། དབྱིན་སྐད་དེ་ད་ཆ་འཛམ་གླིང་ནང་དར་སོ་ཆེན་པོ་ཆགས་ཡོད། དབྱིན་སྐད་ཤེས་ཚེ་མི་སྣ་འདྲ་མིན་ཁག་དང་འབྲེལ་བ་བྱེད་རྒྱུ་དེ་ལས་སླ་པོ་ཡོད། ཉི་ཧོང་ཡུལ་མི་གཅིག་པུ་མིན་པར་ཨ་ཧྥི་རི་ཀ་དང་དེ་བཞིན་ཡུལ་ལུང་གཞན་གྱི་མི་དང་འབྲེལ་བ་བྱེད་རྒྱུར་ཕན་ཐོགས་ཏན་ཏན་ཡོང་ཐུབ་ངེས་རེད། དབང་པོའི་ཤེས་པ་ཙམ་ལ་བརྟེན་པའི་བདེ་བར་འདོད་བློ་ཁེངས་ཏེ་འདོད་རྒྱུ་མེད། གཙོ་བོ་སེམས་ནང་བདེ་བ་དགོས། བདེ་བ་ངོ་མ་དེ་དབང་ཤེས་ཀྱི་ཚོར་བ་ལ་མ་བརྟེན་པར་ཡིད་བློའི་བདེ་བ་དེ་ཡིན། གྲོས་ཆོད་དང་ཡིག་ཆ་བཞག་པ་ལས་ཞི་བདེ་ཡོང་མི་ཐུབ། ཞི་བདེ་ཡང་དག་པ་ཞིག་ཡོང་བར་ཀུན་སློང་རྣལ་མ་ཞིག་དགོས། ང་ཚོའི་མི་རབས་དེ་ད་ཆ་ཐོན་ཕྱག་ཞུ་རྒྱུའི་དུས་ལ་སླེབས་ཡོད། གཞོན་སྐྱེས་ཁྱེད་རང་ཚོས་མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ཇེ་ཉུང་དུ་གཏོང་ཐབས་བྱེད་དགོས་ཞེས་པ་སོགས་ཀྱི་བཀའ་སློབ་གནང་བ་མ་ཟད། ཉིན་རྒྱབ་ཏུ་གཞོན་སྐྱེས་རྣམས་ཀྱི་དྲི་བར་བཀའ་གནང་ཡོད་པ་རེད།

ཚེས་༨ ཉིན་གྱི་སྔ་དྲོ་ཉི་ཧོང་གི་གྲོང་ཁྱེེར་ནཱ་རའི་ནང་ནཱ་ར་ཁོའུ་ཁ་ཨི་རྡོའོ་ཚོགས་ཁང་དུ་ཀོ་རིའི་ནང་རྟེན་གཞི་བྱས་པའི་ཌོང་གུག་གཙུག་ལག་སློབ་གྲྭ་དང་ཧོང་སྦི་ཨོབ་ས་ལྷ་ཁང་ཞེས་པའི་ཆོས་ཚོགས། དེ་བཞིན་ཆོས་ཚོགས་གཞན་གཅིག་བཅས་ཆོས་ཚོགས་གསུམ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དད་ལྡན་མང་ཚོགས་༢༨༠ ཙམ་དང་གཙོ་བོ་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ལ་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་བ་དང། ཚོགས་བཅར་བའི་དྲི་བར་བཀའ་གནང་ཡོད་པ་རེད།
དེ་རྗེས་གྲོང་ཁྱེར་དེར་ཐའོ་རྡའོ་ཇེ་རུ་ཕྱི་ལོ་༧༢༠ ཙམ་དང་དུས་རབས་བརྒྱད་པའི་ནང་རག་ལས་བཞེངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྟེན་གཙོ་ཡོད་པའི་ལྷ་ཁང་དུ་ཕེབས་ཏེ་ཐུགས་སྨོན་མཛད། དེ་རྗེས་ཐའོ་རྡའོ་ཇེའི་ལྷ་ཁང་གི་བླ་མ་དང་བཙུན་མ། དེ་བཞིན་ཉི་ཧོང་ཤིན་ཊོའི་ཆོས་ལུགས་རྗེས་འབྲངས་པའི་དད་ལྡན་མང་ཚོགས་༣༥༠ ཙམ་ལ་དེང་དུས་ནང་པ་ཚོས་ནང་ཆོས་ཉམས་ལེན་བྱེད་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། ཉིན་རྒྱབ་ཐའོ་རྡའོ་ཇེའི་ལྷ་ཁང་རྙིང་པའི་རྒྱབ་ཀྱི་ཐང་ཆེན་དུ་ཀོ་རི་ཡ་དང་ཉི་ཧོང་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་༣༠༠༠ ཙམ་ལ་བཀའ་སློབ་གནང་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་གནང་ཡོད་པ་རེད།
ཚེས་༩ ཉིན་མགོན་པོ་གང་ཉིད་མཆོག་ཉི་ཧོང་གི་མཚོ་གླིང་ཤི་ཁོ་ཀུའིི་གྲོང་ཁྱེར་ཉིད་ཧ་མ་ཞེས་པར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག །
གནས་ཚུལ་ཡོང་ཁུངས་བོད་གཞུང་དྲ་བ།{jcomments on}