ལུག་རྫི་རྒན་པོའི་ཀུ་སྒྲ།

 

 

དྲྭ་གྲོགས་ཚོར་ཞུ་རྒྱུར་དེ་རིང་ཁོ་བོར་ཆེས་རྒྱང་རིང་ན་བཞུགས་པའི་དྲྭ་གྲོགས་ཤིག་གིས་གནའ་དེང་རིག་པའི་གནས་ཀུན་སྨྲ་བར་མི་འཇིགས་སྤོབས་པའི་གཏེར་ཆེན་གྲོལ་བ་མཁན་ཆེན་ཚུལ་ཁྲིམསབློ་གྲོས་མཆོག་གིས་བརྩམས་པའི་༼འཛམགླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒནཔོའི་ཀི་སྒྲ་༽ཞེས་པའི་གཙོས་དེབ་ཁ་ཤས་ཞིག་གནང་སྦྱིན་དུ་ཐོབ་སོང་།

 

 

མ་གཞི་ངས་འདི་ནས་སྤྱན་རས་གཟིགས་ལ་མ་ཎིའི་ལུང་འདོན་དགོས་དོན་མི་འདུག་ཀྱང་། མཁན་ཆེན་གང་ཉིད་ཀྱི་ཤེས་འཇོན་དང་ལྷག་བསམ་ལ་ཧང་སང་དགོས་པ་རེད།

ཁོང་ཉིད་ཀྱི་བརྩམ་ཆོས་གང་མང་ཞིག་མཇལ་བའི་སྐལ་བཟང་ཐོབ་མྱོང་ཡོད་ཀྱང་།

མང་ཆེ་བ་གྲུབ་མཐའ་ནང་ཁུལ་གྱི་དགག་གཞག་ཉི་ཚེ་བ་ཙམ་མིན་པར་ནང་བསྟན་སྤྱི་དོན་དང་། ལྷག་པར་ད་ལྟ་འཆི་ནད་ཐེབ་ལ་ཉེ་བའི་སྒང་པ་བོད་ཀྱི་སྐད་ཡིག་གཉིས་ཀྱི་ཆེད་དུ་གང་ཉིད་ཀྱི་ཡོད་ཚད་ཐམས་ཅད་བློས་གཏོང་བཞིན་པ་ནི་བཟུར་གནས་ཀུན་གྱི་མཐོང་ཆོས་རེད་འདུག་སྙམ་པ་འདུག།

འདིར་དཔེ་དེབ་དེའི་བརྗོད་བྱ་རོབ་ཙམ་ཞུས་ན།

ཚན་རིག་དང་སྒོ་བསྟུན་ཏེ་ཡ་ཐོག་གི་འགྲོ་བ་མི་བྱུང་ཚུལ་དང་། དེ་དག་རིམ་བཞིན་འགྲེང་མི་དང་མཛངས་མི་གཉིས་སུ་བྱུང་ཚུལ་དང་དེ་དང་བསྡོངས་ནས་སྐད་ཡིག་སྐྱེས་ཚུལ་དང་དམིགས་བསལ་བོད་ཡིག་གི་བྱུང་ཚུལ།

བར་དུ་གནས་ཚུལ་དང་།

ཐ་མ་འཇིགས་ཚུལ།

འཇིག་ཚུལ་ལ་འཇིག་རྒྱུ་ཕྱི་ནང་དང་།

བོད་ཀྱི་སྐད་ཡིག་ལ་འཇིག་རྒྱུ་གང་དང་གང་ཡོད་ཚུལ་བརྟགས་པ་སོགས་སོ།།