མཚང་འདི་ཤེས་རན་རེད།
རང་གི་སྐད་ཡིག་སྤྱོང་ལ་ཧུར་བརྩོན་མེད།།
གཞན་གྱི་སྐད་ཡིག་སྤྱོད་པར་སྤྲོ་སྣང་ཆེ།།
བར་མཚམས་འདི་ན་འཚོ་བའི་མི་ཐོག་འདི།།
གནའ་བོའི་བོད་ཀྱི་ཤུལ་འཛིན་ཡིན་པ་སྡུག།
རང་གི་སྐད་ཡིག་དྲ་བར་སུན་སྣང་སླེབས།།
གཞན་སྐད་དྲ་བར་འཛུལ་ནས་ཤེས་མདོག་སྟོན།།
འདི་འདྲའི་གོམས་གཤིས་ངན་པའི་སྤྱོད་པ་འདི།།
གཤིས་ལ་འཇགས་པར་ཕྱོགས་པའི་ཡིད་རེ་སྐྱོ།།
སྤྱིར་ན་རང་སྐད་ཤེས་ནས་གཞན་སྐད་དག།
ཤེས་པ་ཀུན་གྱི་མཆོག་ཏུ་ལོས་ཀྱང་བཀུར།།
དུས་རབས་ཉེར་གཅིག་མཁོ་བ་དེ་ཡིན་ཡང་།།
རང་ཡིག་མི་ཤེས་གཞན་ཡིག་སྤྱོད་པ་མཚང་།།