མི་རིགས་ཁག་ཅིག་མཉམ་རུབ་ཀྱི་ལས་འགུལ།

photo by kunchok1ཉིན་དེར་ཨོ་སི་ཁྲུ་ལི་ཡ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མི་སྣ་ཁག་ཅིག་གིས་ཀྱང་དེང་ཆར་བོད་དང་ཤར་ཏུར་ཀི་སི་ཐན། འབར་མ་སོགས་ཨེ་ཤ་ཡའི་ཡུལ་གྲུ་མང་དག་ཅིག་གི་ནང་འགྲོ་བ་མིའི་ཐོབ་ཐང་ཡག་པོ་མེད་སྐོར་དང། ལྷག་པར་དུ་ཉེ་ཆར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་སྐུ་ཞབས་ལིའུ་ཞོ་པའོ་ལ་ཐོབ་ཀྱང་། ཁོང་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པ་མ་ཟད་ཁོང་དང་འབྲེལ་ཡོད་རྣམས་ལ་རྒྱ་གཞུང་གིས་ཁ་རྡུང་བཏང་བ་དང། གསར་འགོད་པའི་དྲི་བ་སོགས་ལ་གཡོལ་ཐབས་བྱེད་པ་སོགས་ངན་བྱུས་སྣ་ཚོགས་འཐེན་པ་སོགས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད།

ལས་འགུལ་དེའི་སྐབས། ཡུལ་གྲུ་དེ་དག་ལ་རྒྱ་གཞུང་གི་ཤུགས་རྐྱེན་སླེབས་ཏེ་མང་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་རྩིས་མེད་བྱེད་བཞིན་ཡོད་པ་དང༌། གཞུང་འཛིན་མི་སྣ་སོགས་ཀྱིས་མི་མང་གི་རེ་འདོད་ལ་ཁས་ལེན་མི་བྱེད་པ་མ་ཟད་དགོས་འདུན་འདོན་མཁན་གང་ཟག་དེ་དག་གཞུང་ལ་ངོ་རྒོལ་བྱེད་མཁན་དང་རྒྱ་ཁབ་ཁ་བྲལ་བའི་ཉེས་མིང་འདྲ་མིན་བཏགས་ཏེ་བཙོན་འཇུག་ཉེས་རྡུང་བྱས་མཐར་དམར་གསོད་བྱེད་ཀྱི་ཡོད་པ་སོགས་མཚམས་འཇོག་དགོས་སྐོར་བརྗོད་སོང་ལ། འཛམ་གླིང་རྒྱལ་སྤྱིའི་མི་མང་གིས་རོགས་རམ་དང་འདིའི་ཐད་རྒྱ་གཞུང་སོགས་ལ་བརྡ་ལན་གསལ་པོ་ཞིག་གཏོང་དགོས་པ་སོགས་ཀྱི་གཏམ་བཤད་དང་སྦྲགས་སྐུལ་མ་ཤུགས་ཆེན་བྱས་སོང་།

photo by kunchok2དེ་དང་འབྲེལ་ཨོ་སི་ཁྲུ་ལི་ཡའི་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་འོག་གི་མི་མང་དང་མཐོ་འབྲིང་གི་བོད་པའི་སློབ་མ་དེ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་གླུ་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད་པ་རེད། དེ་བཞིན་བོད་མི་ཡ་ལོ་ངག་དབང་ལགས་ཀྱིས་ཀྱང་བོད་ཀྱི་ཡུལ་ལྗོངས་ཀྱི་ཆགས་དབྱིབས་དང་གནའ་དེང་གི་རིག་གནས་དང་རིག་གཞུང་གོམས་གཤིས་སོགས་སྐོར་ལ་དབྱིན་ཡིག་ནང་སྒྲོགས་སྦྱང་བྱས་སོང་། ཡུལ་ལུང་སོ་སོའི་སྐུ་ཚབ་རྣམས་ཀྱིས་གཏམ་བཤད་ནང་དེར་ཡོད་མི་མང་རྣམས་ང་ཚོ་ཚང་མ་ཆོས་དང་རིག་གཞུང་སྐད་དང་ཡི་གེ་མི་གཅིག་ཀྱང་སའི་གོ་ལའི་སྒང་གི་འགྲོ་བ་མི་གཅིག་མཚུངས་ཡིན་སྟབས། ཕན་ཚུན་ལ་མཛའ་བརྩེ་ཟབ་ལ་སྤུན་ཟླ་མིང་སྲིང་གི་འདུན་པ་འདོར་དུ་མེད་པ་ཞིག་ཡིན་པས། གཅིག་ཕན་གཅིག་གྲོགས་ཀྱི་བསམ་བློ་དམ་འཛིན་བྱས་ཐོག་རང་རང་གི་ཕ་ཡུལ་ལ་ཕན་ངེས་ལྡན་པའི་ལས་འགུལ་སྤེལ་དགོས་སྐོར་སོགས་ཀྱི་ཡིག་ཆ་སྤེལ་འདུག །

ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སི་ནེ་མེན་ལེའི་མཚོ་ཁུལ་ནས་བང་ཆེན་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།

{jcomments on}