ས་སྐྱ་མ་དགོན་བཤད་གྲྭར་ས་པཎ་དུས་ཆེན་སྲུང་བརྩི་ཞུ་གནང་སོང་།
ཡིན་ནའང་ད་བར་དུ་དུས་ ཆེན་འདི་ཉིད་བོད་མི་མཐུན་མོང་ངོས་ནས་སྲུང་བརྩི་དང་མཚོན་བྱེད་ཀྱི་རྣམ་པ་ཙམ་ཡང་སྟོན་སྲོལ་མེད་པ་མ་ཟད་ཡོངས་གྲགས་སུ་འགྱུར་བའི་རྩ་བའི་དུས་ཆེན་ཞིག་གི་ཁོངས་སུའང་ཚུད་ཐུབ་མེད། དེ་ནི་ཁོང་གི་བུ་སློབ་རྣམས་ལ་ཆོས་བརྒྱད་ཀྱི་དྲི་མ་མེད་པ་དང་མི་མང་རྣམས་ཁ་སྟབས་ དང་འབྱོར་པའི་རྗེས་སུ་འགྲོ་ལྡོག་བྱེད་པར་རྟེན་རྗེས་དྲན་གྱི་དུས་ཆེན་འདི་ཉིད་སྡེ་ཚན་བྱེ་བྲག་པ་ཞིག་ནང་ལྷུང་རྐྱེན་ཡང་དེ་ཡིན། གྲགས་སྙན་དང་རྒྱས་སྤྲོས་ཡོད་མེད་ལ་མ་ལྟོས་པ་རིན་ཐང་ཆེ་བའི་དུས་ཆེན་འདི། གཞིས་བྱེས་གཉིས་སུ་གནས་པའི་དཔལ་ལྡན་ས་སྐྱ་པའི་ དགོན་ཁག་རྣམས་ཀྱིས་ལོ་ལྟར་བཞིན་སྲུང་བརྩི་ཞུས་དང་ཞུ་མོས་ཁར་འདི་ལོ་ཡང་སྔར་རྒྱུན་བཞིན་ཞུས་སོང་། དེ་ཡང་འདི་གར་མ་དགོན་བཤད་གྲྭར་སྔ་དྲོ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་འཇམ་དབྱངས་བླ་མ་མཆོད་པའི་ཆོ་ག་ཚོགས་གནང་བ་དང་། དེའི་རྗེས་སུ་འཛིན་གྲྭའི་གོང་འོག་གི་སློབ་ཕྲུག་རྣམས་ཀྱིས་རྣམ་ཐར་བཤད་རེས་བྱས་མཐར་སོག་ཡུལ་ནས་ཕེབས་པའི་སློབ་གཉེར་བ་ཞིག་གིས་ཆེན་པོ་ཧོར་ཡུལ་དུ་ཆོས་རྗེས་མཛད་འཕྲིན་ཇི་བསྐྱང་སྐོར་གསུང་བཤད་གནང་སོང་། དེ་ནས་ཆུ་ཚོད་གཅིག་གི་རིང་གང་གིས་མཛད་པའི་ ཚད་མ་སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིགས་གཏེར་ལ་དམ་འཇོག་གི་རྩོད་པ་ཚོགས་གནང་ནས་སྔ་དྲོ་མཛད་རིམ་རྣམས་རྒྱལ་ཁ་ངང་གྲུབ་སོང་། ཕྱི་དྲོ་དགོན་པའི་ཁོར་ཡུག་ཚང་མ་རྣམ་གསལ་མ་མེ་དང་བདུག་སྤོས་ཀྱི་དྲི་བསུང་གིས་ཁྱབ། ཕྱག་ཚོ་བདུན་དང་ཕྱེད་ཐོག་དགེ་འདུན་ པ་རྣམས་གཙུག་ལག་ཁང་གི་ཕྱི་རོལ་དུ་འཁོད་ནས་ཆོས་རྗེའི་བསྟོད་པ་ཤེས་བྱ་མ་དང་ཆོས་རྒྱལ་མ་བཅས་འུར་འདོན་གནང་། དེའི་རྗེས་དམ་བཅའ་ཆེན་མོ་དབུ་འཛུགས་གནང་ནས་ཕྱག་ཚོད་དགུ་དང་ཕྱེད་བར་འཚོགས་སོང་། དུས་ཆེན་འདི་ཉིན་གཉིས་རིང་སྲུང་བརྩི་གནང་སོང་།