ལྷད་ཞུགས་དོར་ཞིང་གཙང་མ་སྤྱོད་པ།
བལྟས་སོང་། ཞེས་རྒྱན་སྡུད་ནས། པེ་ཞེས་པ་ཞིག ཡང་རྒྱ་གར་སྐད་ནས་བོད་སྐད་ཀྱི་སྡུད་ཚིག་ལ་ལྷད་ཞུགས་པ། དཔེར་ན། སིམ་ལ་ནས་ལྡི་ལི་ཏག་མེ་འཁོར་གླ་ཆ་ག་ཚོད་རེད། བརྒྱ་ནས་སྟོང་ཏག སང་ཉིན་ཏག་ང་ལ་དགོངས་པ་གནང་རོགས་ཞེས་རྒྱ་གར་སྐད་ནས་བོད་སྐད་ཀྱི་སྡུད་ཚིག་ལ་ལྷད་ཞུགས་པ་ཏག་ཟེར་བ་སོགས་ལྟ་བུ་རྒྱ་གར་སྐད་ནས་བོད་སྐད་ལ་ལྷད་ཞུགས་པ་རེ་འགའ་ཟུར་འདོན་བྱས་ཏེ་སློབ་མ་ཚོར་སྐད་ལྷད་མེད་ཅིག་བརྒྱབ་དགོས་ན་རིམ་བཞིན་ཁྱོད་ཀྱི་་ཀློག་དེབ།་ ངའི་སྟོད་ཐང་། ཞེས་བོད་ཀྱི་འབྲེལ་སྒྲའི་ཕྲད་”ཀྱི་”དང་”འི”་ཞེས་ལབ་དགོས། ང་ཡང་ཡོང་གི་ཡིན། ཁོ་ཡང་དཔེ་བལྟས་སོང་། ཞེས་”ཡང་”ལབ་དགོས། སིམ་ལ་ནས་ལྡི་ལིའི་བར་དུ། བརྒྱ་ནས་སྟོང་བར་དུ། སང་ཉིན་བར་དུ། ཞེས་”བར་དུ་”ཞེས་འབྲེལ་སྒྲའི་སྐབས་དང་རྒྱན་སྡུད་སྐབས། སྡུད་སྒྲའི་སྐབས་ཡིན་པ་བོད་ཡིག་ཤེས་མཁན་སློབ་ཕྲུག་ཁྱོད་ཚོས་བློར་ངེས་པའི་ཐོག་དོ་སྣང་སྤྲད་དེ་བོད་སྐད་གཙང་མ་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་དངོས་སུ་འཛེམས་མེད་བྱས་པས། སློབ་མ་ཚོའི་རྒྱུད་ལ་ནུས་ཤུགས་ཆེན་པོ་ཐེབས་ནས་དེང་སང་ཁོ་རང་ཚོས་ནང་ཁུལ་ཡང་གཅིག་གིས་གཅིག་ལ་ནོར་འཁྲུལ་ཐེར་འདོན་དང་སྐྱོན་ཆ་ཡོ་སྲོང་གིས་ངས་བསླབས་པའི་རྒྱ་སྐད་ལྷད་ཞུགས་པ་བོད་སྐད་དུ་ཇི་ལྟར་ཤོད་དགོས་ཚུལ་དེ་དེ་བཞིན་དུ་ངེས་ནས་ད་ཆ་བོད་སྐད་གཙང་མ་རྒྱག་པ་འབད་སྩོལ་དང་དོ་སྣང་ཆེས་ཆེན་པོ་བསླབས་སོང་། ངས་བསམས་པ་ལ། སློབ་ཕྲུག་ལ་ཤེས་ཡོན་གང་ཡིན་ཡང་སློབ་མཁན་མེད་ན་མ་གཏོགས་ཅིག་བསླབས་པའི་རྗེས་ཤེས་ཡོང་གི་འདུག་སྙམ་པའི་ཚོར་བ་ཞིག་ངང་གི་སླེབས་བྱུང་། ད་དུང་ངའི་སེམས་སུ་དགེ་རྒན་ཙམ་མིན་པར་བོད་མི་ཚང་མས་བོད་ཡིག་བོད་སྐད་ལ་གཅེས་སྤྲས་ཀྱིས་གཅིག་གིས་གཅིག་ལ་ལྷད་ཞུགས་དོར་བ་དང་། གཙང་མ་སྤྱོད་པའི་ཐབས་ལ་འབད་ན་སྐད་ལྷད་མེད་སྨྲ་བ་ལ་འགྱུར་བ་དང་མདུན་སྤོས་ཀྱི་སྐུལ་ལྕག་ཆེན་པོ་ཞིག་ཐེབས་པ་གོར་མ་ཆག དེ་ལྟར་སྐད་ལྷད་མེད་སྨྲ་བ་ལ་བོད་རིགས་ཡོད་དོ་ཅོག་གིས་འགན་ཞིག་དེ་རིང་ནས་ཁུར་ན་ཅི་མ་རུང་སྙམ་མོ།།