ཁྲི་ཟུར་མཆོག་གིས་འོས་མི་གསུམ་ལ་མཐའ་མའི་བསྡོམས་ཚིག་གནང་འདུག

ལན། བཀྲས་མཐོང་ལགས་དང་ངེད་གཉིས་ ༡༩༧༣ བར་ལས་ཀ་མཉམ་དུ་བྱས་པ་རེད། ངས་ཁོང་གི་ཞན་ཆ་གང་ཞིག་མཐོང་གི་ཡོད་ཟེར་ན། ལས་དོན་ཆེ་ཕྲ་གང་ཞིག་ཡིན་རུང་ལམ་སང་དུས་ཐོག་ལ་མི་བསྒྲུབ་པ་དང་། ཐག་གཅོད་ཅིག་བྱ་དགོས་ཀྱང་ངང་རྒྱུད་རིང་པོ་ཆགས་འགྲོ་བ་ཞིག་ཡོང་གི་ཡོད། བཟང་ཆའི་ཐད་ནས་མང་པོ་ཡོད་པ་རེད་དེ། གཙོ་ཆེ་ཤོས་མི་བརྟན་པོ་ཡོད་པ་རེད། དེ་ནས་ཆབ་སྲིད་ཀྱི་གནས་ཚད་ཧ་ཅང་མཐོ་བོ་རེད།

 

དྲི་བ། སྐུ་ཉིད་ཀྱིས་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱི་ཞན་ཆ་དང་། ཁྱད་ཡོན་གང་དག་མཐོང་གི་ཡོད་དམ།

ལན། ངས་བློ་བཟང་སེང་གེ་ལ་ཞན་ཆ་འདི་འདུག་ཟེར་བ་ཞིག་ཤེས་ཀྱི་མེད། ངེད་གཉིས་ལོ་ཚོད་དང་ལས་ཀ་བྱས་ཡུལ་སོགས་མི་འདྲ་བ་རེད། འོན་ཀྱང་། ཁོང་བཀའ་བློན་ཁྲི་པར་འདུག་རྒྱུ་ཡིན་ཟེར་ན་ཅུང་སྔ་དྲག་མེད་འགྲོ་དྲན་གྱི་འདུག དེ་ལ་ཡང་རྒྱུ་མཚན་གཞན་མེད། གཙོ་བོ་ཉམས་མྱོང་གིས་འདང་མིན་ཡོང་གི་རེད་བསམ་ཡོད། ངེད་གཉིས་གྲོགས་པོ་ཡིན། ཁོང་གིས་ཐོག་མར་ང་ལ་མང་ཚོགས་ནང་ང་བཀའ་བློན་ཁྲི་པར་ལངས་དགོས་རབས་བཤད་ཀྱི་འདུག དེར་ཁྱེད་ལ་བསམ་ཚུལ་གང་འདྲ་ཡོད་ཟེར་ནས་སྐད་ཆ་དྲིས་སོང་། ངས་ཁོང་ལ་བཀའ་བློན་ཁྲི་པའི་འགན་དེ་ལས་སླ་བོ་ཞིག་མ་རེད། ཕྱོགས་མང་པོར་བསམ་བློ་གཏོང་དགོས་པ་རེད་ཅེས་ལབ་པ་ཡིན།

སྤྱིར་བློ་བཟང་སེང་གེ་ལགས་ལ་ཤེས་ཡོན་དང་ལྷག་བསམ། སྙིང་སྟོབས་སོགས་ཀྱི་ཐད་བརྒྱ་ཆའི་བརྒྱ་ཡིད་ཆེས་ཡོད། ལྷག་པར་དུ་ཤེས་ཡོན་ཡོད་པ་ཙམ་དུ་མ་ཟད། སྤྱི་ཚོགས་ནང་དངོས་སུ་ལས་ཀ་བྱས་ཏེ་སྤྱི་བའི་ལས་དོན་ཕྲག་ཏུ་ལེན་མཁན་ཞིག་རེད། ཤེས་ཡོན་དང་དཔལ་འབྱོར་གཉིས་ཀ་ཡོད་པའི་གཞོན་སྐྱེས་མང་པོ་ཡོད་ཀྱང་། སྤྱི་བའི་དོན་ལ་ལས་ཀ་ཕར་ཞོག ཐ་ན་དོ་སྣང་ཙམ་ཡང་མེད་མཁན་མང་པོ་རེད། 

དྲྭ་གྲོགས་ཚོ། གོང་གི་དྲི་ལན་དེས་ཁྱེད་ལ་བཀའ་ཁྲིའི་འོས་མི་གདམ་སྟངས་ལ་ཕན་ཐོག་བྱུང་ངམ། ང་ལ་ནི་གོང་གི་ཁྲི་ཟུར་གྱི་བཀའ་ལན་དེས་འོས་ཤོག་རྐང་གཅིག་དེ་སུ་ལ་བླུག་དགོས་མིན་ལ་ཧ་ཅང་ཕན་ཐོག་བྱུང་།