མདོ་སྟོད་སྤྱི་འཐུས་ཤིག་རྩ་དགོངས་ཞུས་པ།
ཁོང་གི་དགོངས་ཤོག་ནང་“༧གོང་ས་སྐྱབས་མགོན་ཆེན་པོས་ཕྱི་ལོ་༢༠༡༡ ལོའི་ཟླ་༣ ཚེས་༡༤ ཉིན་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་དེ། མདོ་སྟོད་ཁམས་པ་གཞིས་བྱེས་མི་མང་གི་སེམས་ཡུལ་དུ་ཤོང་ཐབས་བྲལ་བའི་གནད་དོན་ངོ་མར་སོང་བས། ལས་འཆར་དེའི་ནང་ཁོ་བོ་མཉམ་ཞུགས་ཞུ་ནུས་བྲལ་བ་ལ་བརྟེན། བོད་མི་མང་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང། དེ་བཞིན་ཆོས་སྲིད་གཉིས་ལྡན་གྱི་གཞུང་དགའ་ལྡན་ཕོ་བྲང་དར་ཞིང་རྒྱས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོར་རྒྱལ་སྲིད་ཆོས་སྲིད་ཀྱི་སྐུ་དབང་ཡར་འབུལ་སྐབས་བསོད་ནམས་མེད་པའི་དབང་གིས་མི་གྲལ་དུ་མ་སླེབས་ཤིང། རྒྱལ་བ་དོན་གྱི་བདག་པོའི་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་དང་འབྲེལ་བའི་སྐུ་དབང་དང། གཞུང་དགའ་ལྡན་ཕོ་བྲང་གི་མཚན་གནས་ཕྱིར་བསྡུ་གནང་སྐབས་གྲོས་ཚོགས་ཀྱི་ར་བའི་ནང་སྡོད་ཁུལ་བྱས་ན་བསོད་ནམས་ཟད་པའི་མི་ཁོ་བོ་ལྟ་བུ་བསོད་ནམས་ཡང་ཟད་དུ་འགྲོ་རྒྱུ་ཁོ་ན་ལས་མ་འདས་སྟབས། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མིའི་མིང་གནས་ལས་དགོངས་པ་མ་ཞུས་ཐབས་མེད་སོང་བ་ལས། གཞན་གྱི་གནས་ཚུལ་གང་ཡང་མེད་པས་དེ་དོན་ཆོས་ཀློང་ཆེན་པོར་མངའ་བ་ཞུ་ཞུ།” ཞེས་འཁོད་པ་ཡོད་པ་རེད།།
{jcomments on}