བདེན་གཏམ་གཏམ་གྱི་ཐོག་མདའ།
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་ཡི་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ནུབ་འཕགས་ཕྱོགས་གླིང་དུ་གདན་འདྲེན་ཞུས་པའི་མཛད་རྗེས་ཟུབ་མེད་དུ་ཆགས་ཡོད། འོན་ཀྱང་ད་ཆ་མདོ་སྟོད་ཆོལ་ཁ་འམ། ཡང་ན་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་ཡི་གོང་གསལ་གྱི་རླབས་པོ་ཆེའི་མཛད་རྗེས་དེ་རྩིས་མེད་ནག་སྲུབ་དུ་མི་འགྲོ་བའི་འགན་ཁུར་གཙང་ལེན་གནང་དགོས་པ་ནི་རྗོད་མེད་དུ་ཆགས་ཡོད། འོན་ཀྱང་ད་ཆ་དབུས་རྒྱུན་དངུལ་གཉེར་ཀྱུ་ར་དཔའ་རྡོ་ཟེར་མཁན་འདི་ཡི་རྒྱུད་རིམ་ལ་གཟིག་ཞིབ་ནན་པོ་ཞིག་གནང་ཚེ་མི་རབ་གོང་མས་གཞག་པའི་ཤ་ཁྲག་གི་མཛད་རྗེས་དེ་ནག་གསུབ་འགྲོ་ཉེན་དུ་མཐོང་། གང་ཡིན་ཟེར་ན་གོང་གསལ་གྱི་མིང་ཁུར་རྐྱུ་ར་དཔལ་རྡོ་ཟེར་ཁོ་རང་གིས་སྤྱི་འཐུས་འོས་མི་དགོས་རབ་ཀྱི་ཡིག་ཆ་ནང་ཁོ་གུང་ཁྲན་ཏང་མི་ངོ་མ་ཡིན་ལུགས་སོགས་ཁོ་རང་གི་ལོ་རྒྱུས་མི་ཉུང་བ་ཞིག་ཟུར་དུ་ཡོད་པར་གཟིགས་ན་མཁྱེན་རྒྱུ་ཡོད་པ་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཆུ་སྒང་སྒྲིགས་གཞི་བཅས་ཀྱི་འབྲུ་དོན་ལྟར་ལོངས་ཕྱོགས་མི་མཐུན་པའི་གཞུང་དང་ཚོགས་པ་སོགས་ལ་དངོས་ཤུག་རྒྱུད་གསུམ་ནས་འབྲེལ་བ་མེ་པ་དགོས་པ་དང་། ལྷག་དོན་དུ་བཞིས་ལུས་བོད་མི་སྤྱི་དང་བྱེ་དྲག་མདོ་ཁམས་མི་མང་གི་དངོས་འདོད་དང་མཐུན་གྱི་མེད་པ་དཔེར་ན་། ཕྱི་ལོ་༢༠༠༨་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་མི་རང་གི་ལག་ཁྱེར་ཡོད་མཁན་ཡང་ཕར་འགྲོ་ཚུར་བཞུད་བྱེད་ཆོག་གི་མེད་ན་ཡང་དབུས་རྒྱུན་ཞིག་གི་བཟའ་ཟླ་བལ་བོད་ས་འཚམ་བསྒལ་ཏེ་ནང་མི་འགྲོ་འགྲོ་བྱས་པ་འདི་ལྟར་ལགས། ༢༠༠༨་༣་༣༠་ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་རྡོག་ཐོན་དགྱིས་ཏེ་༤་༡་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་རེད།
དེའི་བསྐོར་དབུས་རྒྱུན་རྣམས་དང་ས་རྒྱུན་ཁག་ཅིག་ལ་གནད་ལུགས་ཞུས་ཀྱང་ད་བར་དེ་ལ་གསལ་བཤད་གང་ཡང་མེད་པ་ཆིག་གྱུར་གྱི་རྣམ་པ་ལས་རྒྱུ་མཚན་གང་ཡང་གསལ་བཤད་གནང་མ་སོང་བས་གོང་གསལ་གྱི་བླབས་ཆེན་གྱི་མཛད་རྗེས་ དེ་ནག་གསུབ་དུ་འགྲོ་ཡི་འདུག་ཅེས་ནན་གྱི་ཞུ་བཞིན་ཡོད། དེ་ཡང་གདན་ས་ཆེན་པོ་གསུམ་གྱི་དབུས་པའི་རིས་མེད་ཀྱི་དགོན་སྡེ་ཁག་དང་བླ་སྤྲུལ་མཁན་སློབ་རྣམས་ལ་རེ་བ་ནན་གྱི་ཞུ་བཞིན་ཡོད། ད་ཚོ་ནི་ལུང་པ་མི་ལག་ཏུ་ཤོར་བའི་ཡུལ་གྱར་བ་ཤར་རྟགས་ཡིན་པ་ལས་གོང་ཟག་སྒེར་གྱི་ཁེ་ཕན་དང་ཕྱོགས་རིས་ཀྱི་འཁྲུགས་བརྩོད་བྱེད་པའི་དུས་ཚོད་མིན་སྟབས་ངེས་པར་དུ་མི་རིགས་ཀྱི་ལ་རྒྱལ་དང་རང་དབང་ལྷ་གསོ་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ་ཞིབ་འཇུག་གནང་གལ་གྱི་རེ་བཀུར་སྐྱར་དུ་ཞུ་བཞིན་ཡོད། དེས་མ་ཚད་ཆུ་བཞི་སྒང་དྲུག་གི་ལས་ཁུང་ནང་ནས་མི་ལ་ཉེན་རྡུང་བཏང་བའི་ཁ་ཧིན་སྒོར་༤༤༥༥༠་ཙམ་ཞིག་བཙན་འཕྲོག་བྱས་པའི་གནས་ཚུལ་ཡང་གོ་རྒྱུ་འདུག་པས་དེ་ཚོ་ལ་གཟིག་ཞིབ་གནང་རོག་ཡང་བསྔ་བཞིན་ཞུ་བཞིན་ཡོད།
བོད་དོན་བག་ཡོད།
ཨ་རོ་ཁམས་པ་ཚོ།