ཀིརྟི་དགོན་པའི་གྲྭ་འཇིགས་མེད་འཛིན་བཟུང་བྱས་པ།
སྤྱིར་ད་སྐབས་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་གྲྭ་ཤག་དང་དགོན་པའི་གླིང་བར་སོགས་ལ་པར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་རིགས་མང་པོ་བཞག་ཡོད་སྟབས་དགོན་པའི་ནང་གི་ཉིན་རེའི་གནས་ཚུལ་ཤེས་རྟོགས་ཡོང་དཀའ་བར་གྱུར་ཡོད་འདུག དགོན་པའི་ཕྱི་ནང་གི་དམ་དྲག་བཀག་སྡོམ་གྱི་གནས་སྟངས་སྔར་བཞིན་ཡོད་མུས་ལ་བརྟེན། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དང་རྡོར་གླིང་སུ་ཁེའི་དགོན་གཉིས་མཉམ་འབྲེལ་གྱིས། བཀུར་འོས་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་དང། རྒྱལ་རོང་ཟླ་བ་ཚེ་རིང་གཙོས་མདོ་སྨད་དབུས་རྒྱུན་ལས་རྣམས་དང་། འབྲེལ་ཡོད་ཀྱི་མི་སྣ་ཁག་གི་འགན་ཁུར་རོགས་སྐྱོར་འོག་རྡ་ས་ནས་ལྡི་ལི་བར་སེར་སྦྲེངས་སྙན་སྐུལ་སྨོན་ལམ་ཞིག་འགྲོ་མུས་ཡིན་པ་རེད།།
{jcomments on}