དགོངས་ཞུ་ཡི་གེ
དེ་བཞིན་ཁམས་རིགས་ཀྱི་རྒན་རབས་ཚོས་བོད་སྤྱི་ཡོངས་ཀྱི་བདེན་དོན་དང་རང་དབང་གི་ཆེད་དུ་ཐེ་ཚོམ་མེད་པར་སྒོ་གསུམ་གྱིས་ལེགས་སྐྱེས་ཕུལ་བའི་བྱས་རྗེས་ནི་དུས་ནམ་ཡང་བསུབ་ཐབས་མེད་པའི་བོད་ཀྱི་རླབས་ཆེན་གྱི་ལོ་རྒྱུས་དེབ་ཐེར་གྱི་ལེའུ་ཞིག་ཡིན་ལ།ང་ཚོ་རྗེས་རབས་ཚོས་མེས་པོ་ཚོའི་གཟི་བརྗིད་དང་གཟིངས་མཐོའི་ མཛད་རྗེས་དག་གི་རྗེས་སུ་འབྲངས་ནས་བོད་གངས་ཅན་ལྗོངས་སུ་བདེ་དོན་བསྐྲུན་ཐབས་ལ་རང་གཤིས་སུ་་མངའ་བའི་ཁམས་རིགས་ཚོའི་བློ་གྲོས་དང་ཤེས་རབ་ཆེར་བསྐྱེད་ཀྱི་སྒོ་ནས་ལེགས་བཟང་གང་མང་འགྲུབ་པའི་རེ་བ་དང།ད་ཐེངས་མདོ་ཁམས་ཆུ་སྒང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འདི་ལེགས་འགྲུབ་ཡོང་བའི་སྨོན་འདུན་གྲངས་མང་ཞུ།
གུས་མོ་གངས་ལྷ་མོ་ནས།
ཕྱི་ལོ་༢༠༡༡ཟླ་༦ཚེས་༨བཟང་པོ་ཉིན་བཀྲིས་བདེ་ལེགས་གྲངས་མེད་དང་བཅས་ཕུལ།
