མཁན་པོ་བསོད་དར་རྒྱས་མཆོག་གི་མཛད་འཕྲིན།
དེའི་རྗེས་དྲི་བ་དྲི་ལན་ཡང་དུས་ཚོད་གཅིག་ལྷག་གནང་ནས་ཐེངས་འདིའི་གསུང་བཤད་ལེགས་གྲུབ་བྱུང་ཡོད་པ་རེད། མཁན་རིན་པོ་ཆེ་ས་གནས་དེ་ལས་ཐོན་མཚམས་མཁས་དབང་ཁ་ཤས་དང་མཉམ་དུ་ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱིས་དེང་རབས་སྤྱི་ཚོགས་ལ་ཕན་ནུས་ཞེས་པའི་གནད་དོན་ཐོག་བསམ་ཚུལ་བརྗེ་ལེན་ཡང་བྱས་ཡོད་པའི་གནས་ཚུལ་མདོར་བསྡུས་སུའོ།།
